e-texts navigator
Collection
Volume
Page
Wylie

205b1 དོངས་སུ་འདྲ་བ་ཡིས།། སྟེང་ཡོགས་རི་མོ་བྲི་བར་བྱ།། མདོངས་དང་མདོངས་ཀྱི་བར་དུ་ནི།། སོར་གཉིས་སོར་གསུམ་ཆད་དུ་བྱ།། དེ་ལས་གཞན་དུ་བྲིས་ན་ནོ།། བྱིས་པ་རྣམས་ཀྱང་ཆགས་པར་འགྱུར།། རྟག་པར་འདོད་ཆགས་།
205b2 ཤིགྱི།། ཡེ་ཤེས་ཆུས་ནི་ཁྲུས་ཀྱང་བྱ།། རྣལ་འབྱོར་གྱིས་ནི་ནན་ཏན་དུ།། དུས་མཚམས་གསུམ་དང་སྡོམ་གསུམ་བྱས།། མདའ་དང་རྡོ་དང་ཤིང་ལེས་གསོ།། འཕེན་ལ་སོགས་པས་བསྐྱོད་པ་དང་།། གཅིག་འཕགས་ན་ནི་གཅིག་ལྷ་བ
205b3 འགྱུར། ། དགེ་དང་མི་གེ་དེ་བཞིན་ནོ།། གཅིག་བུ་མང་པོ་མ་ཡིན་ཏེ།། མི་འདྲའི་མཚན་ཕྱིར་གང་ན་འང་མེད།། ལེན་པ་ཀུན་ནི་རླུང་དང་འདྲ།། སྦྱིན་པ་བྱེད་པ་ཞིང་བཞིན་ནོ།། གལ་ཏེ་གཅིག་པོ་མ་འགྱུར་ན།། ཐམས་ཅད་མ་བྱས་པར་འགྲུ
205b4 དོ། ། བྱས་རྣམས་པར་འཛག་པར་འགྱུར།། འདི་ནི་རྟོག་གེ་ཅན་གྱི་ཚུལ།། དེ་ནི་མར་མེ་ས་བོན་འདྲ།། འདྲ་ཕྱིར་མང་དུ་ག་ལ་འགྱུར།། དེ་ལྟ་བུར་ན་མང་དུ་འགྱུར།། དེ་ནི་རྟོག་གེ་བ་ཡི་ཚུལ།། ཏིལ་ལས་བལ་སྲན་སྐྱེ་མི་འགྱུར།། འབྲས་ན
205b5 ས་ཀྱི་གུལས་ཡིན། ། གྲོ་དང་འབྲུ་ཡི་རྣམ་པ་དག། གཅིག་ན་ཇི་ལྟར་མང་པོར་འགྱུར།། སྒྲ་བྱེད་པ་ནི་བེ་ཎེ་ནི།། རྐང་པའི་མིག་དང་ཚེ་དབང་དང་།། ཚངས་པ་དང་ནི་གར་རྒ་དང་།། འཇིག་རྟེན་རྒྱང་པས་བྱེད་པ་འབྱུང།། ཀཱ་ཏཱ་ཡན
205b6 བྱེད་པ་ད་སྦྱི་ལ་ཀ་དེ་བཞིན་ཏེ། ཐཱ་དྷ་ཀ་དང་སྐར་མཁན་དག། རྩོད་པའི་དུས་ན་འབྱུང་བར་འགྱུར།། བསོད་ནམས་བྱས་པའི་འཇིག་རྟེན་གྱི།། སྐྱེ་དགུའི་དཔལ་གྱི་སྟོབས་ཅན་འབྱུང་།། ཆོས་ཀུན་ལ་ནི་སྲུང་བྱེད་པ
205b7 རྒྱལ་པོ་ནས་གཏོ་བའོ། ། ག་སའི་མཁར་དང་སྲན་ཆུང་མིག། གྱ་གྱུ་ཅན་དང་རྟ་འཛིན་བུ།། ཁྭ་མཆོག་དཔལ་ཆེན་རྣམ་དག་ཀྱང་།། མ་འོངས་དུས་ན་འབྱུང་བར་འགྱུར།། དོན་གྲུབ་པ་དང་ཤཱཀྱའི་བུ།། ཡང་དག
205b8 དང་སུ་། ། ག་སྟབས་ཅན་དང་ཡིད་བཞུངས་པ།། ཕྱི་མའི་དུས་ན་འབྱུང་བར་འགྱུར།། ནགས་ཀྱི་ཀན་སེཾན་འདུག་པའི་ཆ།། དབྱུ་གུ་ཤ་དིང་ལྤགས་པ་དང་།། རྐེད་ཆིངས་དང་ནི་རིལ་བ་རྣམས།། ངལ་ཚངས་པ་མི




iiif viewer powered by OpenSeadragon

205a - 206a

Texts on this page

Q775 - 'phags pa lang kar gshegs pa'i theg pa chen po'i mdo