e-texts navigator
Collection
Volume
Page
Wylie

205a1 གཞན་ནི་མི་ལས་འབྱུང་། ། རིན་ཆེན་མཚན་རྣམས་ཕུན་སུམ་ཚོགས།། ལྷར་སྐྱེས་པ་ཡི་འགྲོ་བའི་དབང་།། མཐོ་རིསི་པན་བྱེད་ཆོས་སྟོན་པ།། གླིང་བཞི་རྣམས་ལ་རབ་ཏུ་སྤྱོད།། ཤིན་དུ་ཡུན་རིང་གླིང་སྤྱད་ནས།
205a2 སྲེད་པས་རྣམ་པར་འཇིག་པར་འགྱུར།། བྱིས་པའི་དུས་དང་སྐྱབས་བྱུང་དུས།། གཉིས་པོ་བཞིན་དང་རྩོད་པ་སྟེ།། ང་དང་གཞན་ནི་བྱས་དུས་ལ།། ཤཱཀྱ་སེང་གེ་རྩོད་པའི་དྲིས།། དུས་གྲུབ་པ་དང་ཤཱཀྱའི་སྲས།། འཇུག་སེལ་རྒྱས་དང་དབང
205a3 ཕྱག་དང་། ། དེ་ལ་སོགས་པའི་མུ་སྟེགས་ཅན།། མྱ་ངན་ང་འདས་འབྱུང་བར་འགྱུར།། འདི་སྐད་བདག་གིས་ཐོས་ལ་སོགས།། ཤཱཀྱ་སེང་གེའི་བཤད་པ་ཡིན།། སྒྲུ་བ་དང་སྔོན་ཆད་བྱུང་བ་དག། དེ་དག་རྒྱས་པའི་ཡིན་པར་འགྱུར།། འདུག
205a4 སོསིལ་དང་ནི་དབང་ཕྱུག་ཀྱང་། ། འབྱིན་པར་བྱེད་པ་འཆང་བར་འགྱུར།། མྱ་ངན་ང་འདས་ཕྱིན་ཆད་ནི།། དེ་ལྟ་བུ་ལ་སོགས་པར་འབྱུང་།། ང་ཡི་མ་ནི་ནོར་ལྡན་ཏེ།། པ་ནི་བྲམ་ཟེ་སྐྱེ་དགུའི་བདག། ད་ནི་ཀཱ་ཏཱ་ཡ་ནའི་རིགས།། མ་ནི་རྡུལ
205a5 མེད་རྒྱལ་བའོ། ། ཡབ་དང་མེ་ཕོ་དབང་བདག་ཀྱང་།། ཡུལ་ན་ཙམ་པར་སྐྱེས་པ་སྟེ།། མཚན་ནི་ཟླ་བ་སྐྱབས་ཤེས་བྱ།། ཟླ་བའི་རིགས་ལས་དེ་སྐྱེས་སོ།། ཐར་པར་ཞུགས་ཤིང་བརྟུལ་ཞུགས་སྤྱོད།། ཚུལ་ཡང་རྣམ་པ་སྟོང་བཤད་ནས།
205a6 བློ་གྲོས་ཆེན་པོ་དབང་བསྐུར་ཏེ།། ལུང་བསྟན་བྱས་ནས་མྱ་ངན་འདའོ།། ཆོས་ལ་བློ་ནི་སྦྱིན་པར་བྱ།། ཆོས་ཀྱིས་མེ་ཁལ་ལ་ལ་སྦྱིན།། མེ་ཁལ་སློབ་མ་ཞན་པས་ན།། བསྐལ་པའི་མཐར་ནི་འཛག་པར་འགྱུར།། འོད་སྲུང་དང་ནི་ལོག
205a7 སེལ། ། འདྲེན་པ་གསེར་ཐུབ་རྣམ་དག་དང་།། རྡུལ་མེད་པ་དང་གཞན་དག་དང་།། དེ་དག་ཐམས་ཅད་བྱས་དུས་རྒྱལ།། དེ་ཡི་འོག་དུ་བྱས་དུས་ལ།། འདྲེན་པ་བློ་གྲོས་ཤེས་བྱ་བ།། ཤེས་བྱ་ལྔ་རྣམས་སྟོན་པའོ།། དཔའ་བོ་ཆེན་པོ
205a8 བར་འགྱུར། ། གཉིས་གཞན་ལ་མིན་སྐྱོབ་བྱུང་མ་ནི།། རྩོད་དུས་ཕྱི་མའི་ཚེ་ལ་ཡང་།། འཇིག་རྟེན་མགོན་པོ་འབྱུང་མི་འགྱུར།། བྱས་དུས་ལ་ནི་རྫོགས་འཚང་རྒྱ།། མི་ཕོག་པ་དང་ངོ་ཤེས་བྱ།། མ་དྲེས་ཁ་ཚར་བཅས་པ་སྟེ།།




iiif viewer powered by OpenSeadragon

204b - 205b

Texts on this page

Q775 - 'phags pa lang kar gshegs pa'i theg pa chen po'i mdo