| | e-texts navigator
|
204b1 རིག་ལྟ་བས་རྟོགས། ། ཉེས་པ་ཐམས་ཅད་རྣམ་འཛེམ་པའོ།། འོན་ལྐུག་ལོང་བ་ཞར་བ་དང་།། དགའ་བ་དག་ནི་ཤར་གཉེར་དང་།། བྱིས་པ་རྣམས་ལ་བྱེ་བྲག་ཏུ།། ཚངས་པར་སྤྱོད་པ་མེད་པའོ།། བསྒྲིབས་དང་གསལ་དང་ལྷ་ཡི་ནི།
204b2 མཚན་རྣམས་ཀྱིས་ནི་འཁོར་ལོས་སྒྱུར།། གསལ་བ་ལ་ལ་རབ་ཏུ་འབྱུང་།། གཉིས་པ་གཞན་ནི་བག་མེད་པའོ།། རྒྱས་དང་གཟེག་ཟན་ཁྱུ་མཆོག་དང་།། སེར་སྐྱ་ཤཱཀྱའི་གཙོ་བོ་རྣམས།། ད་ནི་མྱ་ངན་འདས་འོག་ཏུ།། དེ་ལས
204b3 སོགས་པ་འབྱུང་བར་འགྱུར། ། མྱ་ངནི་ང་འདས་ལོ་བརྒྱན།། རྒྱས་དང་ཁུར་འགྲེལ་དེ་བཞིན་དུ།། པན་ཌ་པ་དང་ཀིར་བ།། དགའ་བོའི་འོག་ཏུ་མི་རི་འབྱུང་།། མཽརྱ་དགའ་བོ་སྐྱབས་འོག་ཏུ།། ཀླ་ཀླེ་རྒྱལ་པོའི་ཐ་ཤལ་རྣམས།།
204b4 ཀླ་ཀློའི་རྗེས་ལ་མཚོན་གྱིས་འཁྲུག། མཚོན་གྱིས་རྗེས་ལ་རྩོད་དུས་སོ།། རྩོད་པའི་དུས་ཀྱི་ཐ་མ་ལ།། འཇིག་རྟེན་དམ་ཚེས་མི་སྐེམ་མོ།། དེ་ལ་སོགས་པ་འདས་པ་དག། འགྲོ་བ་འཁོར་ལོ་བཞིན་དུ་འཁོར།། མེ་དང་ཉི་མ་པ
204b5 ཕྲད་པའི་ཕྱིར། ། འདོད་པའི་ཁམས་ནི་བསྲེགས་ནས་ཀྱང་།། གང་ལ་འཇིག་རྟེན་གནས་སུ་འགྱུར།། རིགས་བཞི་མ་མགོན་དབང་པོ་དང་།། དྲང་སྲོང་རྣམས་དང་ཆོས་ཀྱང་སྟེ།། རིག་བྱེད་ཆོས་སྦྱིན་མཆོད་སྦྱིན་དང་།། ཆོས་ཀྱི
204b6 རྣམས་ནི་འབྱུང་བར་འགྱུར། ། གཏམ་དང་སྲུང་ལ་སོགས་པ་དང་།། རྐྱང་བ་རྟོགས་བྱེད་འགྲེལ་པ་དང་།། འདི་སྐད་བདག་གིས་ཐོས་སོགས་པས།། འཇིག་རྟེན་ཤིན་དུ་རྨོངས་པར་འགྱུར།། ཤིན་དུ་གཙེས་ཤིང་བཅག་བྱ།
204b7 ནས།། སྟེང་ནས་ཁ་དོག་སྐྱེད་པར་བྱ།། སྡེ་དང་ལྕི་བ་འང་མ་སོགས་པས།། སྣམ་བུ་ཤིན་དུ་བྲི་བར་བྱ།། ལུས་ནི་གོས་རྣམས་ཀྱིས་བཀྲ་བ།། མུ་སྟེགས་མཚན་མ་སྤངས་པ་ཡི།། རྣལ་འབྱོར་ཅན་གྱིས་བསྟན་པ་བཤད།། དེ
204b8 སངས་རྒྱས་རྒྱལ་མཚན་ནོ། ། ཚིགས་ཀྱིས་བཙགས་པའི་ཆུའང་བཏུང་།། རྐེད་པའི་སྲེད་བུ་བཅིང་བར་བྱ།། དུས་སུ་འོས་པར་གྱུར་པ་དང་།། དམའ་བ་སྤངས་པའི་སློངས་མོ་ཟས།། མཐོའི་རིས་ནས་ནི་ལྷ་རྫས་འབྱུང་།། གཉིས་པོ
iiif viewer powered by OpenSeadragon
204a - 205a