| | e-texts navigator
|
204a1 པར་འགྲོལ། ། རིག་སྔགས་ལ་སོགས་དཔེ་རྣམས་ཀྱིས།། སེམས་ནི་རྟོགས་པར་མི་ནུས་ཏེ།། གང་ལ་གང་ཕྱིར་གང་དོན་དུ།། འདུས་པ་རྣམས་ནི་མི་རྟོགས་སོ།། ཆོས་རྣམས་མཚན་ཉིད་མི་འདྲ་སྟེ།། སེམས་གཅིག
204a2 བྱིན་མི་གཟུང་ངོ་། ། རྒྱུ་མེད་པ་དང་མི་འཇུག་པར།། རྟོག་གེ་བ་ལ་ཉེས་པར་འགྱུར།། སེམས་ཀྱི་རྗེས་ལྟ་རྣལ་འབྱོར་པ།། སེམས་རྣམས་ཀྱིས་ནི་སེམས་མི་མཐོང་།། མཐོང་བྱེད་སྣང་ལས་བྱུང་བ་ན།། སྣང་བ་ཅི་ཡི་རྒྱུ་ལས་འབྱུང་།།
204a3 ད་ནི་ཀཱ་ཏཱ་ཡ་ནའི་རིགས།། གཙང་མའི་གནས་ནས་བྱུང་བ་སྟེ།། མྱ་ངན་འདས་པའི་གྲོང་འགྲོ་བའི།། ཆོས་ནི་སེམས་ཅན་རྣམས་ལ་སྟོན།། འདི་ནི་སྔོན་གྱི་ལམ་ཡིན་ཏེ།། ད་དང་དེ་བཞིན་གཤེགས་རྣམས་ཀྱིས།། སྟོང་ཕྲག་གསུ།
204a4 གྱི་མ་དེ་རྣམས་ཀྱིས།། མྱ་ངན་འདས་པ་ཤིན་དུ་བཤད།། འདོད་པའི་ཁམས་དང་གཟུགས་མེད་དུ།། སངས་རྒྱས་རྣམ་པར་འཚང་མི་རྒྱ།། གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ།། འདོད་ཆགས་བྲལ་ཁྱོད་འཚང་རྒྱའོ།། འཆི་བའི
204a5 རྒྱུ་ནི་ཡུལ་མ་ཡིན། ། རྒྱུ་ནི་ཡུལ་ལ་འཆིང་བ་སྟེ།། ཡེ་ཤེས་ཀྱིས་ནི་ཉོན་མོངས་བསད།། འདི་ནི་བརྟུལ་ཞུགས་རལ་གྲིའི་སོ།། བདག་མེད་སྒྱུ་མ་ལ་སོགས་པའི།། ཆོས་རྣམས་ཇི་ལྟར་ཡོད་མེད་འགྱུར།། བྱིས་པ་རྣམས་ལ
204a6 ཡང་དག་སྣང་། ། བདག་མེད་ཉིད་ནི་ཇི་ལྟར་མེད།། བྱས་པ་དང་ནི་མ་བྱས་ཕྱིར།། རྒྱུ་ནི་འཇུག་པར་བྱེད་པ་མེད།། འདི་དག་ཐམས་ཅད་མ་སྐྱེས་ཏེ།། བྱིས་པ་རྣམས་ཀྱིས་མི་ཤེས་སོ།། རྒྱུ་ཡི་རྣམས་ནི་མ་སྐྱེས་ཏེ།། རྐྱེན་རྣམས
204a7 དེ་དག་བྱས་པའོ། ། དེ་གཉིས་སྐེད་པ་མ་ཡིན་ནོ།། རྒྱུ་རྣམས་ཀྱིས་ན་ཇི་ལྟར་བརྟག། སྔ་ཕྱི་དང་ནི་ཅིག་ཆར་ཡང་།། རྟོག་གེ་རྣམས་ཀྱང་རྒྱུར་སྟོན་ཏོ།། སྣད་དང་སློབ་མ་རྫས་སོགས་ཀྱིས།། དངོས་པོ་རྣམས་ཀྱི་སྐོ་བ་འཆང་།། མངོན་པར
204a8 འདུ་བྱེད་མཚན་རྣམས་ཀྱིས། ། སངས་རྒྱས་མཚན་ལྡན་མ་ཡིན་ཏེ།། དེ་དག་འཁོར་ལོས་སྒྱུར་ཡོན་ཏན།། དེས་ནི་སངས་རྒྱས་མི་བརྗོད་དོ།། སངས་རྒྱས་མཚན་ནི་ཡེ་ཤེས་ཏེ།། ལྟ་བའི་ཉེས་པས་རྣམ་སྤངས་པ།། སོ་སོ་རང
iiif viewer powered by OpenSeadragon
203b - 204b