e-texts navigator
Collection
Volume
Page
Wylie

203b1 གསལ་བདག་ཉོན་མོངས། ། རས་དང་འདྲ་བར་དག་པར་འགྱུར།། ཇི་ལྟར་གོས་སམ་གསེར་ཡང་རུང་།། དྲི་མི་མེད་པར་ཉེས་སྤངས་བཞིན།། གནས་ཤིང་འཇིགས་པར་མི་འགྱུར་ཏེ།། ཉེས་མེད་བདག་ཉིད་དེ་བཞིན་ནོ།། རྔ་འམ་དུ་།
203b2 པི་བང་ལ།། སྒྲ་སྙན་ཕུན་སུམ་ཚོགས་པ་དག། མི་མཁས་ལ་ལ་ཚོལ་བར་བྱེད།། དེ་བཞིན་གང་ཟག་ཕུང་པོ་ལའོ།། ས་ལ་གཏེར་དང་ནོར་བུ་དང་།། དེ་བཞིན་དུ་ནི་ཆུ་རྣབས་ཀྱང་།། ཡོད་བཞིན་དུའང་མེ་སྣང་བ།། དེ་བཞིན་གང་ཟག་པུ
203b3 པོ་ལའོ། ། སེམས་དང་སེམས་ལས་བྱུང་ཚོགས་དང་།། བདག་གི་ཡོན་ཏན་ཕུང་པོ་ལྡན།། མི་མཁས་པས་ན་མི་ཤེས་ཏེ།། དེ་བཞིན་གང་ཟག་ཕུང་པོ་ལའོ།། ཇི་ལྟར་སྦྲུམ་པར་གྱུར་པའི་བུ།། ཡོད་བཞིན་དུའང་མི་སྣང་བ།། དེ་བཞིན་བདག
203b4 ཉིདཔུང་པོ་ལ། ། རིག་པ་མི་ཤེས་པས་མི་མཐོང་།། ཇི་ལྟར་སྨན་གྱི་གསོད་པ་དང་།། ཇི་ལྟར་མེ་ནི་ཤིང་རྣམས་ལ།། རིགས་པ་མི་ཤེས་པས་མི་མཐོང་།། དེ་བཞིན་གང་ཟག་ཕུང་པོ་ལའོ།། དངོས་པོ་རྣམས་ལ་མི་རྟག་དང་།། སྟོང་པ་ཉིད་ཀྱང
203b5 ཡོད་བཞན་དུ། ། མི་མཁས་རྣམས་ཀྱིས་མི་མཐོང་བ།། དེ་བཞིན་གང་ཟག་ཕུང་པོ་ལའོ།། ས་དང་དབང་དང་མངོན་ཤེས་དང་།། བླ་མའི་ཡི་ནི་དབང་བསྲུང་དང་།། ཏིང་ངེ་འཛིན་དང་ཁྱད་པར་རྣམས།། བདག་མེད་ན་ནི་མེད་པ་ཡིན།
203b6 གང་ཚེ་འཇིག་བྱེད་སོང་ནས་ནི།། གལ་ཏེ་ཡོད་ན་སྟོན་ཅེས་ཟེར།། རང་གི་རྣམ་རྟོག་སྟོན་ཅིག་ཅེས།། དེ་ལ་མཁས་པས་བསྒོ་བར་བྱ།། སངས་རྒྱས་ཆོས་ལ་གནོད་བྱེད་པ།། ཡོད་པང་ཕྱོགས་ལ་ལྟ་བ་ཡི།། བདག་མེད་སྨྲ་དང་སྤྲ་མ
203b7 བྱ། ། དགེ་སློང་ལས་ལ་སྤང་བར་བྱ།། བདག་མེད་དགས་ཚལ་སྲེག་བྱེད་ཅིང་།། མུ་སྟེགས་ཉེས་ལས་རྣམ་གྲོལ་བ།། དུས་མཐའི་མེ་ནི་འབར་བ་བཞིན།། བདག་ཏུ་འདི་རབ་ཏུ་འབར།། ཁ་འདའ་སྦྲང་རྩི་ཁ་ར་དང་།། མར་དང་ཏིལ
203b8 ལསགས་པ་དང་། ། དེ་དག་ཀཽ་རོ་ཡ་ཀྱང་།། མྱོང་ས་བ་ཏུ་ཏོགས་མི་འགྱུར།། ཕུང་པོ་མཐོང་བ་རྣམས་ལ་བདག། རྣམ་པ་ལྔར་ནི་གཟུང་བྱས་ཀྱང་། མིམཆོད་དེ།། མཁས་པས་མཐོང་ངནཔ




iiif viewer powered by OpenSeadragon

203a - 204a

Texts on this page

Q775 - 'phags pa lang kar gshegs pa'i theg pa chen po'i mdo