| | e-texts navigator
|
203a1 པ་ནི་ལས་དང་ཚེ་དང་བྱེད་སོགས་པས། ། འདྲ་དང་མ་འདྲ་ཚུལ་རྣམས་ཀྱིས།། དེ་བཞིན་དུ་ནི་སྒྲུབ་པར་བྱེད།། ཇི་ལྟ་སྲེག་བྱ་སྲེག་བྱེད་ལ།། མེ་ནི་ཅིག་ཆར་སྲེག་པ་བཞིན།། དེ་བཞིན་ཉེར་ལེན་བཅས་པའི་བདག། ཕྱྀར
203a2 རྟོག་གེ་ཅན་མེ་སྟོན། ། རྟག་ཏུ་སྐྱེས་དང་མ་སྐྱེས་ཀྱང་།། སེམས་ནི་ཤིན་དུ་འོད་གསལན།། བདག་བསྒྲུབས་པ་ཡིད་པ་དག་དང་།། ཙཾ་ཕྱིར་རྟོག་གེ་ཅན་མི་བྱེད།། རྟོག་གཅད་ནི་ཚུལ་སྤངས་པ།། རྣམ་ཤེས་ཐབས་པོར་རྨོངས་པ་དག། བདག།
203a3 ཏུ་སྨྲ་བར་བྱེད་འདོད་པས།། ཕན་ཚུན་དག་ཏུ་རབ་ཏུ་རྒྱུག། ཕན་ཚུན་རང་རིག་རྟོགས་བྱ་བ།། བདག་ནི་རྣམ་དག་མཚན་ཉིད་དེ།། དེ་བཞིན་གཤེགས་པའི་སྙིང་པོ་དེ།། རྟོག་གཅན་གྱི་སྤྱོད་ཡུལ་མིན།། ཉེར་ལེན་ཉེ་བར་ལེན་བྱེད་ཀྱི།། བྱེ་བྲས།
203a4 དང་ནི་ཕུང་པོ་ཡི།། མཚན་ཉིད་གལ་ཏེ་ཤེས་གྱུར་ན།། ཚུལ་གྱི་ཡེ་ཤེས་སྐྱེ་བར་འགྱུར།། མུ་སྟེགས་ཅན་གྱིས་བརྗོད་པ་ནི།། ཀུན་གཞི་སྙིང་པ་ལྟ་བུ་བསམ།། བདག་དང་ལྷན་ཅིག་ལྡན་པའི་ཆོས།། རབ་ཏུ་བརྗོད་པ་མ་བྱས་སོ།།
203a5 རབ་ཏུ་བྱ་བས་ན།། རྣམ་པར་ཐར་དང་བདེན་མཐོང་ན།། སྒོམ་དང་མཐོང་བས་སྤང་བ་ཡི།། ཉོན་མོངས་རྣམས་ཀྱང་སྦྱང་བ་ཡི།། སེམས་ནི་རང་བཞིན་འོད་གསལ་ཏེ།། དེ་བཞིན་གཤེགས་པའི་སྙིང་པོ་དགེ། སེམས་ཅན་རྣམས་ཀྱི་ཏེ།
203a6 ལེན་ནོ།། མཐའ་དང་མཐའ་མེད་སྤངས་པའོ།། བྱི་དོར་བྱས་པས་གསེར་མདོག་དང་།། སེ་ལ་སྐམ་དང་ཁང་དག། དེ་ལྟར་མཐོང་བ་དེ་བཞིན་དུ།། ཕུང་པོ་རྣམས་ལ་སེམས་ཅན་ནོ།། གང་ཟག་མེད་ཅིང་ཕུང་བ་མེད།། སངས་རྒྱས
203a7 ཤེས་ཟག་མེད་པ། ། རྟག་ཏུ་ཞི་བ་རྣམས་བསྒོམས་ཏེ།། དེ་ལ་བདག་ན་སྐྱབས་སུ་མ་ཎི།། སེམས་ཀྱི་རང་བཞིན་འོད་གསལ་བ།། ཡིད་ལ་སོགས་པའི་ཉོན་མོངས་དང་།། བདག་དང་ལྷན་ཅིག་ལྡན་པར་ནི།། སྨྲ་བའི་མཆོག་གིས་རབ་ཏུ་བསྟན།
203a8 སེམས་ན་རེ་བ་བཞིན་འད་གསལ་བ།། དེ་ལས་གཞན་པ་ཐོག་མ་མེད།། དེ་དག་གིས་ནི་བསགས་པའི་ལས།། དེས་ནི་དེ་གཉིས་ཉོན་མོངས་འགྱུར།། ཐོག་མ་མེད་པའི་གློ་བུར་གྱི།། ཉོན་མོངས་རྣམས་དང་ལྡན་པས་ན།། རང་བཞིན་འད
iiif viewer powered by OpenSeadragon
202b - 203b