e-texts navigator
Collection
Volume
Page
Wylie

200b1 གྲོལ་བ་ཡི། ། ལྟ་བ་གཉིས་པོ་རྣམ་སྤངས་པ།། མཐོང་ནས་རྣམ་རྟོག་གཉིས་འཇུག་ནི།། མངོན་པར་འཇུག་པར་མི་འགྱུར་རོ།། མ་སྐྱེས་པ་ཡི་དངོས་པོ་རྣམས།། བློ་ནི་རྣམ་པར་ལྡང་པའི་ཕྱིར།། སྐྱེས་པའི་དངོས་པོ་དག་ལ་ཡང་།། དེ་དང་འདྲ་ཕྱིར་མི
200b2 བརྟག་གོ། ། ཇི་ལྟར་བདག་དང་གཞན་རྣམས་ནི།། རྟག་ཏུ་ཡོད་མེད་མི་འདྲེ་བར།། ལྟ་བ་རྣམ་གཉིས་བཟློག་པ་ཡི།། རིགས་པ་མགོན་པོ་བདག་ལ་གསུངས།། མུ་སྟེགས་སྨྲ་དང་མ་འདྲེས་ཤོང་།། ངང་རྒྱལ་ཉན་ཐོས་རྣམས་སྤངས་པ།། རྒྱལ
200b3 སྲས་རྣམས་ནི་མ་འཇིག་ཕྱིར། ། རྒྱལ་བས་མངོན་རྟོགས་སྤྱོད་པ་དག། རྣམ་ཐར་རྒྱུ་དང་རྒྱུ་མེད་ཀྱང་།། སྐྱེ་བ་མེད་པར་མཚན་ཉིད་གཅིག། རྣམ་གྲངས་གཞན་གྱིས་དེ་དག་སླུ།། མཁས་པ་རྣམས་ཀྱིས་རྟག་ཏུ་སྤང་།། སྨན་དང་སྤྲིན་གྱི
200b4 ཕུང་པོ་འཇའ་འདྲ་བ། ། སྨིག་རྒྱུ་སྲ་ཤད་འཛིངས་བསྒྱུ་མ་འདྲ།། དངོས་པོ་ཐམས་ཅད་རང་གི་རྟོག་བྱུང་བ།། མུ་སྟེགས་འགྲོ་བ་རང་གི་རྒྱུ་ཡིས་རྟོག། སྐྱེ་བ་མེད་དང་དེ་བཞིན་ཏེ།། ཡང་དག་མཐའ་དང་སྟོང་པ་ཉིད།། དེ་དག་གཟུགས་ཀྱི་མི
200b5 ཡིན་ཏེ། ། དངོས་པོ་མེད་པར་མི་རྟོག་གོ། ལག་དང་བྱེད་པ་འཇིག་རྟེན་ན།། དབང་པོ་བརྒྱ་བྱིན་གྲོང་འཇིག་ལྟར།། དེ་བཞིན་དངོས་པོ་ཐམས་ཅད་ཀྱི།། རང་བཞིན་བརྟག་པར་མི་བྱའོ།། གཟུགས་ལས་སྟོང་པ་གཞན་མ་ཡིན།། མི་སྐྱེ་བ་འང་དེ
200b6 བཞིན་ཏེ། གཞན་མ་ཡིན་ཕྱིར་མི་བརྟག་གོ། ལྟ་བའི་ཉེས་པར་རབ་ཏུ་འགྱུར།། དངོས་པོའི་མཚན་ཉིད་བཟུང་བའི་ཕྱིར།། ཀུན་རྟོག་རྣམ་པར་རྟོག་པའོ།། ཡོངས་སུ་ཕོག་པ་བཟུང་བས་ན།། རིང་ཐུང་ཟླུ་མ་ལ་སོགས་པའོ།། སེམས་ནི་ཀུན
200b7 དུ་རྟོག་པ་ཡིན། ། ཡིད་ནི་ཡོངས་སུ་རྟོག་པ་སྟེ།། ཡིད་ཀྱི་རྣམ་ཤེས་རྣམ་རྟོག་ནི།། མཚན་དང་མཚན་གྱི་གཞི་སྤངས་པ།། གང་ཡང་མུ་སྟེགས་མི་སྐྱེ་དང་།། གང་ཡང་དེའི་ཚུལ་བལྟ་བས།། རྟོག་པ་དེ་ནི་ཁྱད་པ་མེད།། ལྟ་བའི་ཉེས་པར་རབ
200b8 ཏུ་འགྱུར། ། དགོངས་དང་སྐྱེ་བ་མེད་པ་དང་།། སྐྱེ་བ་མེད་པའི་དོན་ཉིད་དེ།། རིགས་པ་ཤེས་པ་སུས་ཤེས་པ།། དེ་དག་ང་ཡི་ཚུལ་ཤེས་སོ།། དགོས་པ་ལྟེ་བ་དགོངས་པ་དང་།། མི་སྐྱེ་བ་ནི་གནས་མ་དང་།། དོན་གཉིས་ཡོངས་སུ་ཤེས་པ་ནི།། སྐྱེ་བ




iiif viewer powered by OpenSeadragon

200a - 201a

Texts on this page

Q775 - 'phags pa lang kar gshegs pa'i theg pa chen po'i mdo