e-texts navigator
Collection
Volume
Page
Wylie

199a1 ཅད་འདུས། ། གང་གི་ཚེ་ན་འགྲོ་བ་དྲག། བློ་དང་རིག་བྱས་དབེན་མཐོང་བ།། དེ་ཚེ་མིང་ལ་མིང་རྟོག་པ།། མངོན་པར་འཇུག་པར་མི་འགྱུར་རོ།། སེམས་མཐོང་ཕྱིར་ནི་བྱ་བ་དང་།། ཡི་གེ་རྟོག་པ་ཕྱིར་རྟོག་གོ། རང་གི་སེམས་ནི་མ་མཐོང
199a2 ཕྱིར། ། རྣམ་པར་རྟོག་པ་རབ་ཏུ་འཇུག། གཟུགས་མེད་པའི་ཕུང་པོ་བཞིན།། དེ་དག་ལས་ནི་བགྲང་བ་མེད།། འབྱུང་བ་ཐ་དད་མཚན་གྱིས་གཟུགས།། ཇི་ལྟར་གཟུགས་རྣམས་མང་པོར་འགྱུར།། མཚན་ཉིད་ཡོངས་སུ་བཏང་བའི་ཕྱིར།། འགྱུ
199a3 ལས་གྱུར་མིན་འབྱུང་བ་མིན། ། འོན་ཏེ་མཚན་ཉིད་གཞན་གཟུགས་ན།། ཕུང་པོ་རྣམས་ཀྱིས་ཅིར་མི་སྐྱེ།། ཕུང་པོ་སྐྱེ་མཆེད་རྣམ་གྲོལ་བ།། གང་ཚེ་མཚན་ཉིད་མེད་མཐོང་ཞིང་།། ཆོས་ལ་བདག་མེད་མཐོང་བའི་ཕྱིར།། དེ་ཚེ་སེམས་ནི་ལྡོག་པར
199a4 འགྱུར། ། ཡུལ་དང་དབང་པོ་ཐ་དད་ཕྱིར།། རྣམ་པར་ཤེས་པ་བརྒྱད་དུ་སྐྱེ།། མཚན་ཉིད་ཀྱིས་ནི་གསུམ་ཡིན་ཏེ།། སྣང་བ་མེད་ལ་ལྡོག་པར་འགྱུར།། ཀུན་གཞི་ཡིད་ཀྱི་བདག་ཡིན་ཏེ།། ཤེས་པ་ཉིད་ནི་བདག་གི་ཡིན།། གཉིས་སུ་འཛིན་པར་བ
199a5 ཏུ་འཇུག། ཡོངས་སུ་རྟོག་ན་ལྡོག་པར་འགྱུར།། གཅིག་དང་ཐ་དད་རྣམ་གྲོལ་ཞིང་།། རྒྱུ་བ་མེད་པར་ནམ་མཐོང་བ།། དེ་ཚེ་བདག་དང་བདག་གིར་ཡང་།། གཉིས་སུ་རྟོག་པར་མི་འགྱུར་རོ།། མ་ཞུགས་པར་ནི་རྒྱས་མི་འགྱུར།། རྣམ་པར
199a6 ཤེས་པའི་རྒྱུ་ཡང་མིན། ། རྒྱུ་དང་འབྲས་བུ་སྤངས་པ་ཡི།། འགགས་པ་འཇུག་པར་མི་འགྱུར་རོ།། ཅི་ཡི་ཕྱིར་ན་འཇིག་རྟེན་རྣམས།། རྣམ་རྟོག་སེམས་ཙམ་བདག་ལ་གསུངས།། རྒྱུ་དང་རྣམ་པར་གྲོལ་བ་ཡི།། མཚན་དང་མཚན་གཞིན
199a7 སྤངས་པ། ། རང་གི་སེམས་ནི་སྣ་ཚོགས་སྣང་།། མཐོང་བ་ལྟ་བུར་རྣམ་པར་བརྟགས།། སེམས་ཀྱི་སྣང་བ་ཤེས་པ་དང་།། སེམས་ཀྱི་དོན་གཞན་གཟུང་བའི་ཕྱིར།། བློ་ཡས་གང་ཚེ་མ་མཐོང་ན།། མེད་པའི་ལྟ་བར་འགྱུར་བ་ནི།། སེམས
199a8 སུ་འཛིན་པར་གྱུར་པའི་ཕྱིར། ། ཇི་ལྟར་དེ་ཡི་ཡོད་མི་འབྱུང་།། རྣམ་རྟོག་དངོས་མི་ནི་དངོས་མེད་མིན།། དེ་ཕྱིར་ཡོད་པ་མི་སྐྱེ་སྟེ།། སེམས་སྣང་ཡོངས་སུ་ཤེས་པའི་ཕྱིར།། རྣམ་རྟོག་འཇུག་པར་མི་འགྱུར་རོ།། རྣམ་པར་རྟོག་པ་མི་འཇུག




iiif viewer powered by OpenSeadragon

198b - 199b

Texts on this page

Q775 - 'phags pa lang kar gshegs pa'i theg pa chen po'i mdo