| | e-texts navigator
|
198b1 གྲངས་ཅན་གཅེར་བུ་ཁྱད་པར་ཅན།། དེ་བཞིན་བྲམ་ཟེ་ཕྱུག་བདག་རྣམས།། ཡོད་དང་མེད་པའི་ལྟ་བར་ལྷུང་།། རྣམ་པར་དབེན་པའི་དོན་གྱིས་སྤངས།། རང་བཞིན་མེད་དང་མ་སྐྱེས་དང་།། སྟོང་པ་སྒྱུ་མ་དྲི་མེད་རྣམས།། སངས
198b2 རྒྱས་རྣམས་དང་ཁྱོད་ཀྱིས་ཀྱང་། ། སུ་ཡི་ཕྱིར་ནི་དེ་དག་བཤད།། རྣལ་འབྱོར་ཅན་ནི་སེམས་གཙང་ལ།། ལྟ་བ་རྟོག་གོ་རྣམ་སྤངས་པའི།། སངས་རྒྱས་རྣམས་ཀྱིས་རྣལ་འབྱོར་བཤད།། ངས་ཀྱང་རབ་ཏུ་བཤད
198b3 པ་ཡིན། ། གལ་ཏེ་འདི་ཀུན་སེམས་ཡིན་ནོ།། འཇིག་རྟེན་ཅི་ལ་རབ་ཏུ་གནས།། ཅི་ཕྱིར་མི་རྣམས་འོད་འགྲོ་བར།། ས་ལ་རབ་ཏུ་སྣང་བར་འགྱུར།། ཇི་ལྟར་བྱ་རྣམས་ནམ་མཁའ་ལ།། རྟོག་པས་ཀུན་ཏུ་བསྐྱོད
198b4 པས་ན། ། གནས་མེད་རྟེན་པ་མེད་བཞིན་དུ།། ས་ཡི་སྟེང་བཞིན་དེ་དག་སྤྱད།། དེ་བཞིན་ལུས་ཅན་ཐམས་ཅད་ཀྱང་།། རྣམ་པར་རྟོག་པས་བསྐྱོད་པས་ན།། དེ་དག་བདག་གི་སེམས་ལ་སྒྲ།། ནམ་མཁའ་ལ་ནི་བྱ་བཞིན་ནོ།།
198b5 ལུས་དང་ལོངས་སྤྱོད་གནས་སྣང་བའི།། སེམས་ནི་རབ་ཏུ་འཇུག་བཤད་པ།། སྣང་དང་འཇུག་པ་ཇི་ལྟར་ཅིས།། སེམས་ཙམ་པོ་ནི་བདག་ལ་གསུངས།། ལུས་དང་ལོངས་སྤྱོད་གནས་རྣམས་དང་།། སྣང་དང་འཇུབ
198b6 པ་བག་ཆགས་དང་། ། སྣང་དང་འཇུག་པར་རྣམ་རྟོག་པས།། མི་བརྩོན་རྣམས་ལ་སྐྱེ་བར་འགྱུར།། དངོས་པོ་རྣམ་པར་བརྟགས་པ་ཡུལ།། སེམས་ནི་ཡུལ་ལས་བྱུང་བ་སྟེ།། སྣང་བའི་སེམས་ནི་ཡོངས་ཤེས།
198b7 པས།། རྣམ་པར་རྟོག་པ་མི་འཇུག་གོ། བརྟགས་པའི་རིང་ནི་མིང་བྲལ་དང་།། བློ་དང་རིག་བྱ་སྤངས་པར་ནི།། འདུས་བྱས་ནམ་ཞིག་མཐོང་གྱུར་པ།། དེ་ཡི་ཚེ་ན་གྲོལ་བར་འགྱུར།། མིང་ལམ་དེ་ནི་རྣམ་སྒོམ་པར།། ཤེས་པར་བྱ།
198b8 བདེ་ཙམ་སྟེ།། གང་དག་གཞན་དུ་ཤེས་བྱེད་པ།། དེ་དག་མི་ཤེས་ཤེས་བྱེད་མན།། ཆོས་ལྔ་རྣམས་དང་རང་བཞིན་དང་།། རྣམ་པར་ཤེས་པ་བརྒྱད་རྣམས་དང་།། བདག་མེད་གཉིས་ཀྱིས་ན་འདུ་ནི།། ཐེག་པ་ཆེན་པོ་ཐམས
iiif viewer powered by OpenSeadragon
198a - 199a