e-texts navigator
Collection
Volume
Page
Wylie

198a1 རི་བོང་དྲ་ནི་མེད་པའི་རྒྱུ།། གང་རྒྱུ་ཚེགས་ལས་བྱུང་བ་དེ།། ཁྱོད་ཀྱིས་མེད་པར་ཤེས་མི་བྱ།། ཡོད་པའི་རྒྱུས་ནི་མེད་པ་སྟེ།། མེད་པ་མེད་པར་མི་རུང་ངོ་།། ཡོད་པ་མེད་པའི་ཟླ་ལས་བྱུང་།། ཕན་ཚུན་ཟླ་ཡི།
198a2 རྒྱུ་ཡིན་ནོ།། ཅི་ཞིག་ལ་ནི་གནས་བཅས་ཤིང་།། ཅི་ཞིག་སྣང་བར་སུས་བསམས་པ།། གང་ལ་རྟེན་པ་ཅི་ཞིག་ནི།། རྒྱུ་མེད་པ་སྟེ་རྒྱུ་མེད་མིན།། གལ་ཏེ་གཞན་ལ་དེ་རྟེན་ཅིང་།། དེའང་གཞན་ལ་སྣང་གྱུར་ན།། ཐུག་པ་མེད་པར་རབ།
198a3 འགྱུར་ཏེ།། ཅི་ཞིག་ཅིའང་མེད་པར་འགྱུར།། ཇི་ལྟར་ལོ་མ་ཤིང་སོགས་ལ།། རྟེན་ཅིང་སྒྱུ་མ་སྣང་བ་ལྟར།། དེ་བཞིན་དངོས་ལ་བརྟེན་བྱས་ཤིང་།། མི་རྣམས་ལ་ནི་སྣ་ཚོགས་སྣང་།། སྒྱུ་མའི་དྲ་བ་ལོ་མ་མིན།། གྱོ་མོ
198a4 མ་ཡིན་ཤིང་མ་ཡིན། ། བྱིས་པ་རྣམས་ཀྱིས་སྒྱུ་མར་མཐོང་།། སྒྱུ་མ་བྱེད་པས་གནས་མཐོང་ངོ་།། དེ་བཞིན་དངོས་ལ་བརྟེན་བཅས་ཏེ།། ཅི་ཞིག་བྱེ་བྲག་དུ་འགྱུར་ན།། སྣང་བའི་ཚེ་ན་གཉིས་མེད་པར།། ཅི་ཞིག་ཏུ
198a5 ཇི་ལྟར་བརྟག། རྣམ་པར་རྟོག་ལ་རྣམ་པརྟགས་མེད།། རྣམ་པར་རྟོག་པ་འང་མེད་པ་སྟེ།། རྣམ་པར་རྟོག་ལ་མེད་པ་ནས།། མྱ་ངན་འདས་མེད་འཁོར་བ་མེད།། རྣམ་པར་རྟོག་པ་མེད་པས་ན།། རྣམ་པར
198a6 པ་མི་འཇུག་གོ། ། མ་ཞུགས་ན་ནི་ཇི་ལྟར་སེམས།། སེམས་པ་ཙམ་དུ་མི་རུང་ངོ་།། བསམ་པ་དུ་མ་ཐ་དད་ཕྱིར།། བསྟན་པ་ལ་ནི་སྙིང་པོ་མེད།། སྙིང་པོ་མེད་ཕྱིར་ཐར་པ་མེད།། འཇིག་རྟེན་རྣམ་པ་སྣ་ཚོགས་མེད།།
198a7 ཇི་ལྟར་བྱིས་པས་བརྟགས་པ་ཡི།། ཕྱི་རོལ་གྱི་ནི་སྣང་བ་མེད།། སེམས་ནི་གཟུགས་བརྙན་བཞིན་དུ་སྣང་།། བག་ཆགས་ཀྱིས་ནི་མགོ་ཡུང་བསླད།། ཡོད་མེད་མ་བྱུང་མེད་པས་ན།། དངོས་པོ་ཐམས་ཅད་མ་སྐྱེས་ཏེ།། འདི་དག་ཐམས
198a8 ཅད་སེམས་ཙམ་མོ། ། རྟོག་པ་རྣམས་ཀྱིས་རྣམ་པར་སྤངས།། བྱིས་བརྩོན་གྱིས་དངོས་པོར་འཆད།། མཁས་པ་དག་ནི་མ་ཡིན་ནོ།། རང་བཞིན་སེམས་དང་བྲལ་བ་སྟེ།། སེམས་ནི་འཕགས་པར་ཉེར་འགྲོ་ཞི།




iiif viewer powered by OpenSeadragon

197b - 198b

Texts on this page

Q775 - 'phags pa lang kar gshegs pa'i theg pa chen po'i mdo