e-texts navigator
Collection
Volume
Page
Wylie

197b1 ཅན་གྱི་སྐྱོན་གྱིས་སྤངས། ། འབྲེལ་པ་ཙམ་དུ་ངས་བཤད་དོ།། བྱིས་པ་རྣམས་ཀྱིས་མ་རིག་གོ།། གང་ན་འབྲེལ་ལས་ལོག་ཤིག་ན།། དངོས་པོ་བསྐྱེད་པ་ཡོད་ཅེས་པ།། འབྲེལ་བ་རྣམ་པར་འཇིག་པ་སྟེ།། རྒྱུ་མེད་སྨྲ།
197b2 བར་ཤེས་པར་བྱ།། གང་ན་འབྲེལ་ལས་ལོ་གཤིག་ན།། དངོས་པོ་སུ་ལ་ཡོད་ན་ནི།། མར་མེ་བཞིན་དུ་རྗེས་རིགས་རྣམས།། འབྲེལ་པ་སྣང་བར་བྱེད་པར་འགྱུར།། འབྲེལ་བ་དག་ལས་ལོག་ཤིག་ཏུ།། ཆོས་གང་མི་མཁས་རྟོག་པ
197b3 ནི། ། མ་སྐྱེས་ངོ་བོ་ཉིད་མེད་དེ།། རང་བཞིན་ནམ་མཁའ་ལྟ་བུའོ།། འཕགས་པས་ཐོབ་པའི་ཆོས་ཉིད་ནི།། སྐྱེ་བ་མེད་པ་བཞིན་ཡིན་ཏེ།། གང་དེའི་སྐྱེ་བ་མེད་པ་ནི།། དེ་ནི་མི་སྐྱེ་བཟོད་པ་ཡིན།། ནམ་ཞིག་འཇིག་རྟེན་འདི་དག་ཀུན
197b4 འདི་ནི་འབྲེལ་བ་ཙམ་མོ་ཞེས། ། འབྲེལ་བ་ཉིད་དུ་མཐོང་བ་ན།། དེ་ན་སེམས་ཀྱང་མཉམ་པར་འཛེག། མི་ཤེས་སྲེད་པ་ལས་ལས་སོགས།། འབྲེལ་བ་དག་གི་ནང་གི་ཡིན།། འཁོར་ལོ་འཛིན་ཤིང་སྲུབ་ལ་སོགས།། ས་བོན།
197b5 འབྱུང་སོགས་ཕྱི་རོལ་ལོ།། འདི་ན་འབྲེལ་པ་ཙམ་ཡིན་ཏེ།། གང་གི་དངོས་པོ་རྐྱེན་གཞན་ལས།། གང་ཡང་སྐྱེ་བར་འདོད་པ་ནི།། འཐད་དང་ལུང་ལ་དེ་མི་གནས།། གལ་ཏེ་བསྐྱེད་བྱའི་དངོས་མེད་ན།། བློ་འང་གང་གི
197b6 རྐྱེན་ལས་བྱུང་། ། འདི་དག་ཕན་ཚུན་རྐྱེན་གྱུར་པས།། དེ་ཕྱིར་དེ་དག་རྐྱེན་དུ་ཤེས།། དྲོད་གཤེར་སྲ་དང་གཡོ་བ་ཡི།། ཆོས་རྣམས་བྱིས་པས་རྣམ་བརྟགས་ཏེ།། དེ་ནི་འདུས་པ་ཆོས་མ་ཡིན།། དེ་ཕྱིར་ཐོ་དང་ཉིད
197b7 མེད་དོ། ། ནད་པའི་དབང་དུ་སྨན་པ་དག། བྱ་བ་ཐ་དད་སྟོན་མོད་ཀྱི།། དེ་ལ་གཙུག་ལག་ཐ་དད་མེད།། ནད་ཀྱིས་ཕྱེ་བས་ཐ་དད་དོ།། དེ་བཞིན་ངས་ཀྱང་སེམས་ཅན་རྒྱུད།། ཉོན་མོངས་ཉེས་པའི་སྐྱོན་ཆགས་པ།
197b8 དབང་པོ་དག་གི་སྟོབས་ཤེས་ནས།། བྱིས་པ་དགལ་ཚུལ་བཤད་དོ།། ཉོན་མོངས་དབང་པོ་ཐ་དད་པས།། ང་ཡི་བསྟན་པ་དབྱེར་མི་ཕྱེད།། ཡན་ལག་བརྒྱད་ལྡན་ཞི་བ་ཡི།། ལ་མ་ནི་ཐེག་པ་གཅིག་ཡིན་ནོ།། རྫ་དང་སྣམ་བུ་ཅོད་པན་རཱ།




iiif viewer powered by OpenSeadragon

197a - 198a

Texts on this page

Q775 - 'phags pa lang kar gshegs pa'i theg pa chen po'i mdo