e-texts navigator
Collection
Volume
Page
Wylie

197a1 པར།། ནམ་ཞིག་འདུས་བྱས་མཐོང་བ་ན།། དེ་ཡི་སྐྱེ་འཇིག་སྨྲ་བ་ཡི།། ལྟ་བ་རྣམ་པར་ལྡོག་པར་འགྱུར།། དངོས་པོ་མེད་པ་སྐྱེ་མེད་དམ།། དེ་སྟེ་རྐྱེན་ལ་བརྟག་པའམ།། འོན་ཏེ་དངོས་པོའི་མིང་ལག
197a2 སམ། ། དོན་མེད་པའང་བདག་ལ་གསུངས།། དངོས་མེད་མི་སྐྱོ་མ་ཡིན་ཏེ།། རྐྱེན་ལ་བརྟག་པའང་མ་ཡིན་ནོ།། དངོས་པོའི་མིང་ཡང་དེ་མིན་ཏོ།། དོན་མེད་པའང་མིང་མ་ཡིན།། ཉན་ཐོས་དང་ནི་རང་རྒྱལ་དང་།། ས་བདུན་དུ
197a3 ནི་ཕྱིན་རྣམས་དང་། ། མུ་སྟེགས་སྤྱོད་ཡུལ་མ་ཡིན་པ།། དེ་ནི་མི་སྐྱེ་མཚན་ཉིད་དོ།། རྒྱུ་དང་རྐྱེན་རྣམས་བཟློག་པ་དང་།། བྱེད་པ་དག་ནི་དགག་པ་དང་།། སེམས་ཙམ་དུ་ནི་རྣམ་པཞག་པ།། སྐྱེ་བ་མེད་པར་ངས་བཤད་དོ།། དངོས་པོ་རྒྱུ་ལས་བྱུང
197a4 མེད་པ། ། ཆོས་དང་རྟག་པ་སྤངས་པ་སྟེ།། ཡོད་དང་ཕྱོགས་ལས་གྲོལ་བ་ནི།། སྐྱེ་བ་མེད་པར་ངས་བཤད་དོ།། སེམས་ནི་སྣང་དང་རྣམ་བྲལ་བ།། རང་བཞིན་གཉིས་ཀྱང་སྤངས་པ་སྟེ།། གནས་རྣམས་རབ་ཏུ་གྱུར་པ་ནི།། སྐྱེ་བ་མེད
197a5 པར་ངས་བཤད་དོ། ། ཕྱི་རོལ་དངོས་པོ་དངོས་མེད་མིན།། སེམས་ཀྱང་ཡོངས་སུ་གཟུང་བ་མེད།། ལྟ་བ་ཐམས་ཅད་རབ་སྤངས་པ།། དེ་ནི་སྐྱེ་མེད་མཚན་ཉིད་དོ།། དེ་བཞིན་སྟོང་པ་རང་བཞིན་མེད།། དེ་ལས་བསགས་པའི་ཚིག་ཀུན་བརྟག།
197a6 ནམ་ཡང་སྟོང་པས་སྟོང་མ་ཡིན།། སྐྱེ་བ་མེད་པའི་སྟོང་པའོ།། རྐྱེན་གྱི་རྣམ་པ་འདས་པ་ལས།། རབ་ཏུ་འཇུག་ཅིང་ལྡོག་པར་འགྱུར།། འདུས་པ་ལས་ནི་ལོག་ཤིག་ན།། སྐྱེས་པ་མེད་ཅིང་འགགས་པའང་མེད།། གཅིག།
197a7 པ་དང་ནི་ཐ་དད་དུ།། ཇི་ལྟར་མུ་སྟེགས་ཅན་རྟོག་བཞིན།། དངོས་པོ་ཐ་དད་མ་ཡིན་དང་།། འདུས་ལས་གུད་ནི་གངནའང་མེད།། ཡོད་དེང་དངོས་པོ་མི་སྐྱེ་སྟེ།། མེད་མིན་ཡོད་མིན་གང་ནའང་མེད།། དེ་ཕྱིར་གཞན་དུ་འདུས
197a8 པ་ནི། ། རབ་ཏུ་འཇུག་ཅིང་ལྡོག་པར་འགྱུར།། འདི་ནི་བརྡ་ཙམ་ཉིད་ཡིན་ཏེ།། ཕན་ཚུན་ལྟོས་པ་འབྲེལ་བ་ཡིན།། རྐྱེན་རྣམས་འབྲེལ་ལས་ལོག་ཤིག་ན།། བསྐྱོད་པར་བྱ་བའི་དོན་མེད་དོ།། བསྐྱེད་པ་མེད་པས་སྐྱེ་བ་མེད།། མུ་སྟེགས




iiif viewer powered by OpenSeadragon

196b - 197b

Texts on this page

Q775 - 'phags pa lang kar gshegs pa'i theg pa chen po'i mdo