| | e-texts navigator
|
195b1 འགྱུར། ། རྫས་རྣམས་ཀྱིས་ནི་རྫས་བརྩམས་ཏེ།། ཡོན་ཏན་གྱིས་ཀྱང་ཡོན་ཏན་ནོ།། དངོས་པོ་དག་གི་དངོས་ཉིད་གཞན།། ཡོད་པ་དག་ནི་འཇིག་པར་བྱེད།། གལ་ཏེ་མ་བྱུང་འབྱུང་འགྱུར་ན།། འཇིག་རྟེན་ཐེག་མ་ཡོད་པར་འགྱུར།། འཁོར་བ།
195b2 སྔོན་གྱི་མཐའ་མ་ནི།། ངས་ནི་མེད་པར་བཤད་པ་ཡིན།། སྲིད་གསུམ་ཐམས་ཅད་བགྲང་བ་དག། དི་སྟེ་མ་བྱུང་འབྱུང་ན་ནི།། ཁྱི་དང་རྔ་མོ་བོང་བུ་ལའང་།། རྭ་སྐྱེར་འགྱུར་བ་ཐེ་ཙོམ་མེད།། གལ་ཏེ་གཟུགས་དང་རྣམ་ཤེས་དང་།། མིག
195b3 གི་མ་སྐྱེས་སྐྱེ་འགྱུར་ན། ། བཅོད་པན་རེ་ལྡེ་རས་ལས་སོགས།། འཇིམ་པ་བསྒོམས་ལས་འབྱུང་བར་འགྱུར།། ར་ས་ལ་ལྡེ་ཡོད་པ་མིན།། རྩི་རྒྱད་ལ་ཡང་རས་མེད་དོ།། གཅིག་པོ་ལས་ནི་གཅིག་འབྱུང་ན།། རྐྱེན་རྣམས་ཀྱིས་ཀྱང་ཅིང་མི
195b4 འབྱུང་། ། འཚེ་བ་དེ་དང་ལུས་དེ་དང་།། གང་ཡང་མ་བྱུང་སྐྱེ་བ་ནི།། དེ་དག་ཐམས་ཅད་གཞན་སྨྲ་བ།། ངས་ཀྱང་དེ་དག་ཤིན་དུ་བཤད།། སྔ་མའི་ཕྱོགས་ནི་བརྗོད་བྱ་སྟེ།། དེ་དག་བློ་ནི་བཟློག་པར་བྱ།། དེ་དག་བློ་ནི་བཟློག་བྱས་ནས།། བདག
195b5 གི་ཕྱོགས་ནི་ངས་བཤད་དོ། ། ང་ཡི་སློབ་མཚངས་པའི་སྔོ།། ཡོད་མང་པོགས་ལ་གནས་འདི་ཞེས།། དེ་ཕྱིར་མུ་སྟེགས་སྨྲ་བ་དག། ངས་ནི་བརྗོད་པར་བྱས་པ་ཡིན།། ཡན་ལག་གསེར་སྐྱ་བློ་ངན་པའང་།། འགྲོ་བ་གཙོ་ལས་སྐྱེས་པ་དང་།།
195b6 ཡོན་ཏན་རྣམ་པར་འགྱུར་བ་ཡང་།། སློབ་མ་རྣམས་ལ་རབ་ཏུ་སྟོན།། རྐྱེན་གྱིས་བྱུང་དང་མ་བྱུང་མིན།། རྐྱེན་རྣམས་དངོས་པོ་མེད་པའི་ཕྱིར།། མ་བྱུང་བ་ནི་མི་འབྱུང་ངོ་།། ཡོད་དང་མེད་པའི་ཕྱོགས་བྲལ་ཞིང་།། རྒྱུ་དང་རྐྱེན་རྣམས་སྤངས
195b7 པ་དང་། ། སྐྱེ་དང་འཇིག་པ་མེད་པ་དང་།། རང་གི་ཕྱོགས་ཏེ་མཚན་གཞི་སྤངས།། སྐུ་མ་རྨི་ལམ་འདྲ་བ་ཡི།། འཇིག་རྟེན་ཚྭ་དང་རྐྱེན་སྤངས་པ།། རྟག་ཏུ་རྒྱུ་མེད་པར་མཐོང་ན།། རྣམ་པར་རྟོག་པ་མི་འཇུག་གོ།། དྲི་ཟའ་གྲོང་ཁྱེར་སྨྲིགརྫ
195b8 འདྲ། ། རྟག་པར་སྒྲ་ཤང་འཛིངས་པ་བཞིན།། ཡོད་དང་མེད་པའི་ཕྱོགས་བྲལ་ཞིང་།། རྒྱུ་དང་རྐྱེན་གྱིས་སྤངས་པ་ཡི།། སྲིད་པ་རྒྱུ་མེད་པར་མཐོང་ན།། སེམས་ཀྱི་ཀླུ་ནི་རྣམ་པར་བདག། གང་གི་དངོས་པོ་མེད་པ་དང་།། སེམས་ཙམ
iiif viewer powered by OpenSeadragon
195a - 196a