| | e-texts navigator
|
195a1 འཚེ་བ་ལྟར། ། དེ་བཞིན་སེམས་ཅན་རིགས་རྣམས་ནི།། རྣམ་པ་སྣ་ཚོགས་ལས་ཀྱིས་སྤངས།། སྣང་བ་མེད་ཕྱིར་ལས་མེད་དེ།། ལས་ལས་བྱུང་བའི་འགྲོ་བའང་མེད།། ཇི་ལྟར་འཕགས་པས་རྣམ་སྒོམ་ལྟར།། དངོས་པོ
195a2 དངོས་ཉིད་མེད་མོད་ཀྱི། ། ཇི་ལྟར་བྱིས་པས་བརྟོགས་པ་ལྟར།། དངོས་པོ་དག་ནི་ཡོད་པའོ།། ཇི་ལྟར་བྱིས་པས་བརྟགས་པ་ལྟར།། གལ་ཏེ་དངོས་པོ་མེད་ན་ནི།། དངོས་པོ་ཐམས་ཅད་མེད་པས་ན།། སུ་ལའང་ཉོན་མོངས་པར་མི་འགྱུར།།
195a3 དངོས་པོ་སྣ་ཚོགས་ཉོན་མོངས་ལས།། འཁོར་བ་དབང་པོ་ཉེར་འགྲོ་བ།། མི་ཤེས་པ་དང་སྲིད་འབྲེལ་ནི།། ལུས་ཅན་རྣམས་ཀྱི་འབྱུང་བར་འགྱུར།། ཇི་ལྟར་བྱིས་པས་བརྟགས་པ་ལྟར།། གང་གི་དངོས་པོ་ཡོད་མིན་པ།། དེ་དག་དབང་པོ
195a4 འཇུག་པ་མེད། ། རྣལ་འབྱོར་ཉིད་ཀྱང་འཇུག་པ་ཡིན།། བཅོམ་ལྡན་འདས་གལ་ཏེ་འཁོར་བ་ཡི།། རྒྱུ་ཡི་དངོས་པོ་མ་མཆིས་ན།། བྱིས་པ་ནན་ཏན་མ་བགྱིས་པར།། བྱེད་པ་སྤངས་པའི་ཐར་བར་འགྱུར།། ཁྱོད་ཀྱི་འཕགས་པ་བྱིས་པའི
195a5 དངོས་པོ་མེད་ན་ཇི་ལྟར་མཆིས། ། རྣམ་པར་ཐར་པ་གསུམ་སྤྱོད་པའི།། འཕགས་པ་དག་ལ་དངོས་པོ་མེད།། ཕུང་པོ་གང་ཟག་ཆོས་བྱམས་དང་།། རང་དང་སྤྱི་ཡི་མཚན་ཉིད་མེད།། དབང་པོ་རྣམས་དང་གྱེན་གྱི་རྣམས།། ཉན་ཐོས་དག་ལ་ངས་བཤ
195a6 ཆུ་མེད་པ་དང་སེམས་ཙམ་དང་། ། འབྱོར་པ་རྣམས་དངས་རྣམས་དང་།། སོ་སོ་རང་གི་དེ་བཞིན་ཉིད།། དགེ་བ་རྒྱལ་བའི་སྲས་ལ་བཤད།། ང་ཡི་བསྟན་ལ་སྲས་འབྱིན་པ།། དུར་སྨྲིག་གི་ནི་གོས་བགོས་ཤིང་།། འབྲས་བུ་ཡོད་དང་མེད
195a7 མ་འོངས་པའི་དུས་ན་འབྱུང་། ། དངོས་པོ་མེད་དེ་རྐྱེན་རྣམས་ཀྱིས།། ཡོད་པ་འཕགས་པའི་སྤྱོད་ཡུལ་ལོ།། བརྟགས་པའི་དངོས་པོ་ཤིན་དུ་མེད།། རྟོགས་མེད་རྣམས་པར་རྟོག་པར་བྱེད།། མ་འོངས་པའི་དུས་ན་ནི།། བྱིས་པའི་ར
195a8 བཞིན་གཟེག་ཟན་འབྱུང་། ། འབྲས་བུ་མེད་སྨྲའི་ལྷ་ངན་པས།། སྐྱེ་བོ་མང་པོའི་རླག་པར་བྱེད།། རྡུལ་ཕྲན་ལས་ནི་འགྲོ་བ་འཐུང་།། རྡུལ་ཕྲན་རྣམས་ནི་རྒྱུ་མེད་དེ།། རྫས་དགུ་རྣམས་ཀྱང་རྟག་པ་ཞེས།། ལྟ་བ་ངན་པས་སྟོང་པར
iiif viewer powered by OpenSeadragon
194b - 195b