| | e-texts navigator
|
193b1 དོན་ལ། ། རྣམ་པར་རྟོག་པ་རབ་ཏུ་འཇུག། མུ་སྟེགས་ཅན་གྱིས་བརྟགས་པ་ལྟར།། ཕྱི་རོལ་གྱི་ནི་དོན་མེད་དེ།། ཇི་ལྟར་ཐེག་པར་མ་ཤེས་ནས།། བྱས་པ་སྦྲུལ་དུ་འཛིན་པ་བཞིན།། གང་གི་སེམས་དོན་མ་ཤེས
193b2 པས། ། ཕྱི་རོལ་གྱི་ནི་དོན་དུ་རྟོག། དེ་ལྟར་ཐེག་པ་ཐེག་ཉིད་དུ།། གཅིག་དང་ཐ་དད་སྤངས་མོད་ཀྱི།། གང་གིས་ཐེག་པར་རྣམས་རྟོག་པ།། དེ་ནི་རང་སེམས་ཉེས་པ་ཡིན།། གང་ལ་གང་གི་དངོས་པོར་ཡང་།། བརྟགས
193b3 ན་མི་དམིགས་མ་ཡིན་པ། ། དེ་ནི་མེད་པར་ཤེས་མི་བྱ།། ཆོས་ཀྱི་ཆོས་ཉིད་དེ་ཡིན་ནོ།། ཡོད་པའི་ཟླ་དྲངས་མེད་པ་སྟེ།། མེད་པའི་ཟླ་དྲངས་ཡོད་པ་ཡིན།། དེ་ཕྱིར་མེད་པར་ཤེས་མི་བྱ།། ཡོད་པ་ཉིད་དུའང་མི་བརྟག་གོ།། གང་གང་ཀུན་ཏུ་བརྟགས
193b4 པ་ལ། ། བརྟགས་ན་དེ་ཡི་བདག་ཉིད་མི།། དེ་ཡི་བདག་ཉིད་མིན་མཐོང་ཞིང་།། ཇི་ལྟར་རྣམ་པར་རྟོག་པ་འཇུག། གཟུགས་ནི་གཟུགས་ཀྱི་བདག་ཉིད་མེད།། དེ་བཞིན་བུམ་པར་ས་ལ་སོགས།། སྣང་བ་ཡོད་པ་མ་ཡིན་པས།། ཁྱོད་ཀྱི་རྣམ་ཏེ
193b5 མི་འབྱུང་ངོ་། ། ཐོག་མ་མེད་ལྡན་འདུས་བྱས་ལ།། གལ་ཏེ་ཁྱོད་ཀྱི་རྟོག་ནོར་ན།། དངོས་པོ་དངོས་ཉིད་སུ་ཞིག་གིས།། འཁོར་བྱས་ཐུབ་ཆེན་བདག་ལ་གསུངས།། དངོས་པོ་དངོས་ཉིད་མེད་པ་སྟེ།། སེམས་ཙམ་པོ་ནི་སྣང་བ་ཡིན།། རང་གི
193b6 སེམས་ནི་མ་མཐོང་བས། ། རྣམ་པར་རྟོག་པ་རབ་ཏུ་འཇུག། ཇི་ལྟར་བྱིས་པས་རྟགས་པ་ཡི།། བརྟགས་པ་གལ་ཏེ་ཡོད་མེད་ཅིང་།། དེ་ལས་རྣམ་པ་གཞན་ཡོད་ན། བློས་ཀྱང་རྟོག་པར་མི་རུང་ངོ་།། འཕགས་པ་གལ་ཏེ་དེ་ཡོད་ན།། དེ་ནི་བྱིས་པས།
193b7 བརྟགས་མ་ཡིན།། གལ་ཏེ་འཕགས་ལས་དེ་ལོག་ན།། འཕགས་དང་བྱིས་པ་མཉམ་པར་འགྱུར།། གང་ཕྱིར་སེམས་ནི་རྣམ་སྦྱངས་པ།། འཕགས་པ་རྣམས་ལ་ནོར་བ་མེད།། སེམས་ཀྱི་རྒྱུད་ནི་མ་དག་པའི།། བྱིས་པ་བཏས
193b8 ལ་རྟོག་པར་བྱེད། ། ཇི་ལྟར་བུ་ལ་མ་ཞིག་ནི།། མཁའ་ལ་ཤིང་ཐོག་ལེན་བྱེད་ཅིང་།། འདི་རེ་བུ་ཅིག་མ་དུ་བར།། ཤིང་ཐོག་སྣ་ཚོགས་འདི་འོད་ལོང་།། དེ་བཞིན་སེམས་ཅན་ཀུན་ལ་ངས།། བརྟགས་པའི་འབྲས་བུ་སྣ་ཚོགས་ཀྱིས།། བྲིས
iiif viewer powered by OpenSeadragon
193a - 194a