| | e-texts navigator
|
193a1 ཙམ་དུ་ནི་ངས་བཤད་དོ། ། སྟོང་པ་མཐའ་དང་དེ་བཞིན་ཉིད།། མྱ་ངན་འདས་དང་ཆོས་ཀྱི་དབྱིངས།། ཡིད་ཀྱི་ལུས་ནི་སྣ་ཚོགས་པ།། སེམས་ཙམ་དུ་ནི་ངས་བཤད་དོ།། རྣམ་པར་རྟོག་པའི་བག་ཆགས་འབྲེལ
193a2 སེམས་ལས་བྱུང་བ་སྣ་ཚོགས་པ། ། མ་ལི་ཕྱི་རོལ་སྣང་བ་ནི།། འཇིག་རྟེན་པ་ཡི་སེམས་ཙམ་མོ།། ཕྱི་རོལ་གྱི་ནི་སྣང་བ་མེད།། ལུས་དང་ལོངས་སྤྱོད་གནས་ལྟ་བུ།། སེམས་ནི་སྣ་ཚོགས་པར་སྣང་བ།། སེམས་ཙམ་དུ་ནི་དེས་བཤང
193a3 དོ། ། ཉན་ཐོས་ཟད་པའི་ཡེ་ཤེས་དང་།། སངས་རྒྱས་རྣམས་ཀྱི་སྐྱེ་འབྱུང་དང་།། རང་རྒྱལ་སངས་རྒྱས་རྣམས་ཀྱི་ནི།། ཉོན་མོངས་པས་ནི་ཤིན་དུ་འབྱུང་།། ཕྱི་རོལ་གྱི་ནི་གཟུགས་མེད་དེ།། རང་གི་སེམས་ནི་ཕྱི་རོལ་སྣང་།། སེམས་ན
193a4 ཁོང་དུ་མ་ཆུད་ཕྱིར། ། བྱིས་པ་རྣམས་ནི་འདུས་བྱས་རྟོག། རང་སེམས་སྣ་ཚོགས་སྣང་བ་ཡི།། ཕྱི་རོལ་དོན་རྣམས་མི་ཤེས་པས།། མཐའ་བཞིར་སྦྱར་བའི་གཏན་ཚིགས་ཀྱིས།། བླུན་པོ་དག་གིས་ཟློག་པར་བྱེད།། གཏན་ཚིག།
193a5 མེད་དེ་མཐའ་ཡང་མེད།། དཔེ་དང་ཡན་ལག་རྣམས་ཀྱང་མེད།། རང་གི་སེམས་ནི་དོན་རྒྱུད་དེ།། གལ་ཏེ་ཤེས་ན་མཁས་པ་ཡིན།། གང་ཞིག་རྟོག་པོས་བརྟག་བྱ་བ།། དེ་ནི་བརྟགས་པའི་མཚན་ཉིད་དེ།། བརྟག་པ་ལ་ནི་བརྟེན
193a6 བཅས་ཏེ། ། རྣམ་པར་རྟོག་པ་རབ་ཏུ་འཇུག། ཕན་ཚུན་མ་གྱེས་འབྲེལ་བ་ཡི།། བག་ཆགས་གཅིག་གི་རྒྱུ་ལས་བྱུང་།། གཉིས་པོ་གློ་བུར་བྱུང་བའི་ཕྱིར།། མི་རྣམས་ཀྱི་ནི་སེམས་མི་སྐྱེ།། སྲིད་པ་གསུམ་ན་གནས་པ་ཡི།། སེམས
193a7 དད་སེམས་བྱུང་རྣམ་རྟོག་ཡིན། ། གང་ཞིག་དོན་སྣང་འཇུག་པ་ནི།། བརྟགས་པའི་རང་བཞིན་དེ་ཡིན་ཏེ།། སྣང་བའི་ས་བོན་ལྡན་པའི་ཕྱིར།། སྐྱེ་མཆེད་རྣམས་ནི་བཅུ་གཉིས་སོ།། གནས་དང་དམིགས་བྱ་ལྡན་པའི་ཕྱིར།། ལོ
193a8 ཆུས་སུ་ནི་ངེས་བཤད་དོ། ། ཇི་ལྟར་མེ་ལོང་གཟུགས་བརྙན་དང་།། རབ་རིབ་ཅན་ལ་སྐྲ་འཛིངས་པ།། དེ་བཞིན་བག་ཆགས་ཀྱིས་གཡོགས་སེམས།། བྱིས་པ་རྣམས་ཀྱིས་མཐོང་བ་ཡིན།། བདག་གིས་རྟོག་པས་བརྟགས
iiif viewer powered by OpenSeadragon
192b - 193b