| | e-texts navigator
|
192a1 གཡོ་བ་རྣམས། ། དེ་དག་སེམས་ཀྱི་རྣམ་གྲངས་ཡིན། ཚེ་དང་དྲོད་དང་རྣམ་ཤེས་དང་།། ཀུན་གཞི་སྲོག་གི་དབང་པོ་དང་།། ཡིད་དང་ཡིད་ཀྱི་རྣམ་ཤེས་པ།། རྣམ་པར་རྟོག་པའི་བྱེ་བྲག་གོ།། སེམས་ཀྱི
192a2 སུ་ནི་ལུས་འཛིན་ཏེ། ། ཡིད་ནི་རྟག་ཏུ་རློམ་སེམས་བྱེད།། རྣམ་པར་ཤེས་པ་སེམས་ཡུལ་ལ།། རྣམ་ཤེས་བཅས་པས་བྱེ་བྲག་འབྱེད།། སྲེད་པ་དག་ནི་མར་བཤད་དེ།། མ་རིག་པ་ཡང་བར་ཤེས་སོ།། ནམ་ཤེས་ཡུལ
192a3 རྣམས་རིག་པས་ན། ། སངས་རྒྱས་སུ་ནི་དེ་ངས་བསྟན།། བག་ལ་ཉལ་ནི་དགྲ་བཅོམ་སྟེ།། ཕུང་པོ་ལྔ་འདུས་དགེ་འདུན་ནོ།། མཚམས་མེད་པར་ནི་མཚམས་བཅད་པས།། དེ་ནི་མཚམས་མེད་ལས་ཡིན་ནོ།། བདག་མེད
192a4 གཉིས་དང་ཉོན་མོངས་རྣམས། ། དེ་བཞིན་སྒྲིབ་པ་གཉིས་པོ་དང་།། ཤི་འཕོ་བསམ་གྱིས་མི་ཁྱབ་པ།། ཐོབ་པས་དེ་བཞིན་གཤེགས་པ་ཡིན།། གྲུབ་པའི་མཐའ་དང་ཚུལ་རྣམས་དང་།། སོ་སོ་རང་རིག་བསྟན་པ་ཡས།
192a5 བྱེ་བྲག་ཤེས་པ་སུས་མཐོང་བ།། དེ་དག་རྟོག་པའི་དབང་མི་འགྲོ།། ཇི་ལྟར་བྱིས་པས་བརྟགས་པ་ལྟར།། དངོས་པོ་ལ་ནི་བདེན་མེད་ན།། དངོས་པོ་མེད་པར་ཐར་མིན་པར།། རྟོག་གེ་ཅན་དག་ཅིས་མི་འདོད།། སྐྱེ་དང
192a6 འཇིག་པར་འབྲེལ་བ་ཡི། ། འདུས་བྱས་རབ་ཏུ་མཐོང་བ་ནི།། ལྟ་བ་གཉིས་པ་རྒྱས་པར་བྱེད།། རྐྱེན་རྣམས་ཤེས་པ་མ་ཡིན་ནོ།། མྱ་ངན་འདས་པ་ཡིད་སྤངས་པ།། གཅིག་པུ་དེ་ནི་བདེན་པ་ཡིན།། འཇིག་རྟེན་བརྟགས
192a7 པ་སྔ་མ་དང་། ། ཆུ་སྐྱེས་ཕུང་ལྟར་བལྟ་བར་བྱ།། འདོད་ཆགས་དང་ནི་ཞེ་སྡང་དང་།། གཏི་མུག་ཡོད་དེ་གང་ཟག་མེད།། ཕུང་པོ་རྣམ་ནི་སྲིད་ལས་བྱུང་།། རྨི་ལམ་དག་དང་འདྲ་བ་ཡོད།། གང་གི་ནུབ་མོ་ཐུགས་སུ་ཆུད།།
192a8 གངའ་ཡོངས་སུ་མྱ་ངན་འདས།། ངས་ནི་དེ་ཡི་བར་དུ་འང་།། ཅུང་ཟད་བསྟན་པ་འང་མ་ཡོད་དོ།། སོ་སོ་རང་ཆོས་ལུས་རྣམས་ལ།། དགོངས་ནས་རབ་ཏུ་ངས་བཤད་དེ།། དེ་དང་སངས་རྒྱས་དེ་དག་གིས།། ཅུང་ཟད་བྱེ་བྲག
iiif viewer powered by OpenSeadragon
191b - 192b