| | e-texts navigator
|
191b1 རྣམ་པར་གཡེང་བ་ལྟར། ། དེ་བཞིན་ཉན་ཐོས་རྨོངས་པ་ཡང་།། མཚན་ཉིད་ཀྱིས་ཀྱང་རྣམ་པར་གཡེངས།། མཐར་ཕྱིན་པ་ན་དེ་ལ་མེད།། ཕྱིར་ཡང་ལྡོག་པར་མི་འགྱུར་ཏེ།། ཏིང་ངེ་འཛིན་གྱི་ལུས་ཐོབ་ནས།། བསྐལ་པའི
191b2 བར་དུ་མི་སང་ངོ་། ། བག་ཆགས་ཉོན་མོངས་པ་དང་འབྲེལ།། ཀུན་ནས་ལྡང་དང་རྣམ་པར་བྲལ།། དེ་དག་ཏིང་འཛིན་མོས་པས་མོས།། ཟག་མེད་པ་ཡི་དབྱིངས་ན་འཁོད།། ཇི་ལྟར་སྐྱེས་བུ་རོ་བ།། ཆད་མེད་ནས་ནི་ས
191b3 འགྱུར་ལྟར། ། ང་ཡི་སངས་རྒྱས་ཆོས་ཀྱི་སུ།། དེ་དག་དེ་ཚེ་འཐོབ་པར་འགྱུར།། ཇི་ལྟར་གླང་པོ་འདམ་བྱིད་པ།། ཕན་ཚུན་དུ་ནི་མི་རྒྱུག་ལྟར།། ཏིང་ངེ་འཛིན་གྱི་འདམ་བྱིང་བའི།། ཉན་ཐོས་རྣམས་ནི་དེ་བཞིན་འཁོད།། མི་ཡི་དབང
191b4 པོ་བྱིན་རླབས་ལས། ། དབང་སྐུར་ཏིང་འཛིན་དག་ལས་སོགས།། སྨོན་ལམ་དག་གིས་རྣམ་སྦྱངས་པ།། དབང་པོ་དང་ནི་བཅུ་པོར་འབྱུང་།། རི་བོ་དར་དང་ནམ་མཁའ་དང་།། མོ་ཤམ་བུ་ཡང་དེ་བཞིན་ཏེ།། མེད་བཞིན་ཚིག་ཏུ
191b5 བརྗོད་པ་ལྟར། ། དངོས་ལ་རྟོག་པའང་དེ་བཞིན་ནོ།། འཇིག་རྟེན་བག་ཆགས་རྒྱུ་ལས་བྱུང་།། གང་ནའང་མེད་མིན་ཡོད་མེད་མིན།། བདག་མེད་ཆོས་མཁས་གང་དག་གིས།། མཐོང་ན་རྣམ་པར་གྲོལ་བར་འགྱུར།། མི
191b6 ནི་བརྟགས་པའི་རང་བཞིན་ཏེ། ། གཞན་ལས་བྱུང་བ་དབང་ལས་སྐྱེས།། དེ་བཞིན་ཉིད་ནི་གྲུབ་པར་རངས།། མདོ་དང་མདོ་ལས་བརྟག་ཏུ་བཤད།། ཚིག་དང་ཡི་གེ་མང་པོ་དང་།། མིང་དག་ལ་ཡང་བྱེ་བྲག་ཏུ།། བྱིས་པ་ཐ
191b7 ངན་ཆགས་པ་ནི། ། ཇི་ལྟར་འདམ་ལ་གླང་ཆེན་བཞིན།། ལྷ་ཡི་ཐེག་པ་ཚངས་ཐེག་དང་།། ཉན་ཐོས་ཀྱི་ཡང་དེ་བཞིན་དུ།། རང་རྒྱལ་དེ་བཞིན་གཤེགས་པའི་སྟེ།། ཐེག་པ་དེ་རྣམས་ངས་བཤད་དོ།། ཇི་སྲིད་སེམས་འཇུག
191b8 བར་དུ་ནི། ། ཐེག་པ་རྣམས་པས་ཐུག་པ་མེད།། སེམས་ནི་རབ་ཏུ་གྱུར་པ་ནི།། ཐེག་པ་མེད་ཅིང་འགྲོ་བའང་མེད།། སེམས་དང་རྣམ་རྟོག་རྣམ་རིག་དང་།། ཡིད་དང་རྣམ་ཤེས་ཉིད་ཀྱང་སྟེ།། ཀུན་གཞི་སྲིད་གསུམ
iiif viewer powered by OpenSeadragon
191a - 192a