e-texts navigator
Collection
Volume
Page
Wylie

191a1 ནི་གཞང་གང་བ་འདྲ་སྟེ། ། ལྔ་དང་བཅས་པའི་རྣམ་པར་ཤེས།། སྣང་བ་མཚོན་དང་འདྲ་བར་རྟོག། ཆོས་བསྟན་རྒྱུ་དང་འདྲ་བ་དང་།། ཆུ་དང་འདྲ་བས་གང་སྤྲུལ་པ། དེ་དག་ད་བོའི་སངས་རྒྱས་ཡིན།། ལྷག་མ
191a2 སྤྲུལ་པའི་སྐུ་ཡིན་ནོ། ། སྣང་བ་རྣམ་པ་སྣ་ཚོགས་མེད།། སེམས་ནི་སྣང་བས་རབ་ཏུ་རྨོངས།། ལུས་དང་ལོངས་སྤྱོད་གནས་འདྲ་བར།། མི་རྣམས་ལ་ནི་ཀུན་གཞི་སྡང་།། སེམས་དང་ཡིད་དང་རྣམ་ཤེས་དང་།། རང་བཞིན་དང
191a3 ནི་ཆོས་ལྔ་དང་། ། བདག་མེད་གཉིས་པོ་དག་པ་ནི།། རྣམ་པར་འདྲེན་པ་རབ་ཏུ་འཆང་།། རྫོགས་པའི་སངས་རྒྱས་གང་འཆང་བ།། སོ་སོ་རང་རིག་སྤྱོད་ཡུལ་ནི།། རྟོག་གེ་ཅན་གྱི་ཡུལ་མ་ཡིན།། ཉན་ཐོས་རྣམས་ཀྱིའང་མ་ཡིན་ནོ།། རིང
191a4 དང་ཐུད་ལ་སོགས་འབྲེལ་ནས། ། གཅིག་གིས་གཅིག་ནི་རབ་ཏུ་འཇུག། ཡོད་པར་བསྒྲུབ་པ་མེད་པ་སྟེ།། མེད་པར་སྒྲུབ་པ་ཡོད་པ་ཡིན།། རྡུལ་ཕྲན་དུ་ནི་རྫས་གཞིགས་ཤིང་།། གཟུགས་ལ་རྣམ་པར་མི་རྟོག་གོ།། སེམས་ཙམ་དུ་ནི
191a5 རྣམ་གཞག་པ། ། ལྟ་བ་དེན་པས་མི་དད་དོ།། སྟོང་པ་རྣམ་པར་རྟོག་ཙམ་འམ།། སྟོང་པ་མ་ཡིན་ཞེས་པ་ནི།། དེ་ཉིད་ཡོད་དང་མེད་རྟོག་པ།། བརྟག་པར་བྱ་བའི་དོན་མེད་དོ།། ཡོན་ཏན་རྡུལ་ཕྲན་རྫས་འདུས་པས།། བྱིས་པ་རྣམས
191a6 ནི་གཟུགས་ལ་རྟོག། རྡུལ་ཕྲན་རེ་རེ་ཡོད་པ་མིན།། དེ་ཡི་ཕྱིར་ཡང་དོན་མེད་དོ།། སྣ་ཚོགས་སྐྲ་ཤད་འཛིངས་དང་སྐུ།། རྨི་ལམ་དྲི་ཟའི་གྲོང་ཁྱེར་དང་།། འགལ་མེ་དང་ནི་སྨིག་རྒྱུ་རྣམས།། མེད་ཀྱང་མིག་ལ་རབ་ཏུ་སྣང་།། རྟག་དང
191a7 མི་རྟག་དེ་བཞིན་གཅིག། གཉིས་དང་གཉིས་མིན་དེ་བཞིན་ཏེ།། ཐོག་མ་མེད་ཀྱི་ཉེས་འབྲེལ་པ།། བྱིས་པ་གཏི་མུག་རྟོག་པར་བྱེད།། ཐེག་པ་རྣམ་པར་གཞག་མེད་དེ།། ཐེག་པ་གཅིག་དུ་ངས་བཤད་དོ།། བྱིས་པ་རྣམས་ནི་དྲང
191a8 བའི་ཕྱིར། ། ཐེག་པ་ཐ་དད་ངས་བཤད་དོ།། དེ་བཞིན་རྣམ་པར་གྲོལ་གསུམ་དང་།། ཆོས་ལ་བདག་མེད་པ་ཉིད་དང་།། མཉམ་ཉིད་ཡེ་ཤེས་ཉོན་མོངས་མིན།། དེ་དག་རྣམ་པར་གྲོལ་བས་སྤངས།། ཇི་ལྟར་ཤིང་ནི་རྒྱ་མཚོལ།། རླབས་ཀྱིས




iiif viewer powered by OpenSeadragon

190b - 191b

Texts on this page

Q775 - 'phags pa lang kar gshegs pa'i theg pa chen po'i mdo