| | e-texts navigator
|
190b1 རེག་དྲི་མ་མེད། ། རྒྱུ་ཡི་མཚན་ཉིད་སྤངས་པ་སྟེ།། ས་བརྒྱད་པ་དང་སངས་རྒྱས་ས།། དེ་བཞིན་གཤེགས་པའི་རིགས་ཡིན་ནོ།། ལེགས་པའི་བློ་གྲོས་རིང་དུ་སོང་།། ཆོས་སྤྲིན་དེ་བཞིན་གཤེགས་པའི་ཡང་།། དེ་དག་སངས་རྒྱས
190b2 རྣམས་ཀྱི་རིགས། ། ལྷག་མ་ཐེག་པ་གཉིས་འཐོབ་བྱེད།། སེམས་ཅན་རྒྱུད་ཀྱི་བྱེ་བྲག་དང་།། མཚན་ཉིད་ཕྱིར་ཡང་བྱིས་པ་ལ།། སེམས་ཀྱི་དབང་དུ་འགྲོ་བའི་ས།། བདུན་པོ་སངས་རྒྱས་རྣམས་ཀྱིས་བཤད།། དག་ལུས
190b3 སེམས་ཀྱི་གནས་ངན་ལེན། ། ས་བདུན་ལ་ནི་མི་འཇུག་སྟེ།། ས་བརྒྱད་ལ་ནི་དེ་ཡི་གནས།། མི་ལམ་ཆུ་བོ་མཚུངས་ཤིང་འདྲ།། ས་བརྒྱད་དང་ནི་ལྔ་བ་ལ།། བཟོ་དང་རིག་དང་སྒྱུ་རྩལ་རྣམས།། རྒྱལ་སྲས་རྣམས་ནི་ཤེས
190b4 བྱེད་ཅིང་། ། སྲིད་པའི་གནས་ན་རྒྱལ་པོ་འ་བྱེད།། སྐྱེ་དང་མི་སྐྱེ་སྟོང་མི་སྟོང་།། བློ་ལྡན་གྱིས་ནི་བརྟག་མི་བྱ།། རང་བཞིན་ཉིད་དང་རང་བཞིན་མེད།། སེམས་ཙམ་ལ་ནི་ཡོད་པ་མིན།། ཡང་དག་འདི་པོ་ཡང་དག་འདི།། བོར
190b5 ན་ལོག་ཅེས་བརྟག་བྱ་བ། ། རང་རྒྱལ་ཉན་ཐོས་རྣམས་ལ་བཤད།། རྒྱལ་བའི་སྲས་ལ་མ་ཡིན་ནོ།། སེམས་ཙམ་ལ་ནི་ཡོད་མིན་ཏེ།། ཡོད་དང་ཡོད་པ་ཡོད་ལས་མིན།། སྐད་ཅིག་པ་དང་མཚན་ཉིད་མེད།། བརྟགས་པ
190b6 དང་ནི་རྫས་ཀྱང་མེད། ། ཀུན་ཏེ་རྫོབ་དུ་ནི་དངོས་རྣམས་ཡོད།། དོན་དམ་དུ་ནི་རང་བཞིན་མེད།། རང་བཞིན་མེད་ལ་གང་ནོར་བ།། དེ་ནི་ཀུན་རྫོབ་བདེན་པ་ཡིན།། ཆོས་རྣམས་ཐམས་ཅད་མེད་པ་ལ།། དུ་ཡིས་རབ་ཏུ
190b7 གདགས་པ་བྱས། ། བྱས་པ་རྣམས་ཀྱིས་བརྗོད་སྤྱོད་ནི།། ཡང་དག་རྣམ་པར་སྤངས་པ་ཡིན།། བརྗོད་པ་ལས་བྱུང་དངོས་པོ་ཡི།། དོན་ནི་སྤྱོད་ཡུལ་ཡོད་པའོ།། བརྗོད་པ་ལས་བྱུང་དངོས་པོ་དག། ལྟ་བས
190b8 ཡོད་པ་མ་ཡིན་ནོ། ། རྩིག་པ་མེད་པར་རི་མོ་དང་།། སྡེང་དུ་མ་ལ་སོགས་སྤངས་གྲིབ་ལྟར།། དེ་བཞིན་ཀུན་གཞི་དག་པ་ནི།། རླབས་ཀྱིས་རྣམ་པར་མི་མཛེས་སོ།། སེམས་ནི་གར་མཁན་བཞིན་དུ་གནས།། ཡིད
iiif viewer powered by OpenSeadragon
190a - 191a