e-texts navigator
Collection
Volume
Page
Wylie

190a1 སྐྱེ་བར་འགྱུར།། ནོར་བ་རྣམ་པ་གཉིས་འབྱུང་སྟེ།། གསུམ་པའི་ནི་རྒྱུ་མེད་དོ།། གང་ལས་ནོར་བ་འབྱུང་བ་དང་།། གང་ལ་ཏན་ཏེ་འབྱུང་བ་ན།། སེམས་པ་བཅུ་གཉིས་བཅཝ་བརྒྱར་དྲུག། དེ་ཡ་བྱར་ནི་ངས་བཤད་དོ།། བ་ག
190a2 དོན་གཟུང་འབྲེལ་ལས། ། བདག་ཏུ་འཛིན་པ་རབ་ཏུ་འབྱུང་།། སེམས་ནི་བརྟག་བྱ་འཇུག་ཡིས།། ཆོས་སུ་འཛིན་པ་སྤོང་བར་འགྱུར།། ཀུན་གཞི་རྣམ་པར་ཤེས་པ་ལས།། རྣམ་པར་ཤེས་པ་གང་འབྱུང་བ།། ནང་གི་སྐྱེ་མཚད་ན
190a3 ཡིན་ཏེ། ། སྣང་བ་གང་ཡིན་ཕྱི་རོལ་ཏོ།། ཇི་ལྟར་མི་མཁས་པ་རྣམས་ཀྱིས།། སྐར་དང་སྐ་གཟུང་རྨི་ལ་མ་གཟུགས།། འདུས་བྱས་པ་དང་འདུས་མ་བྱས།། རྟག་པར་རྟོག་སྟེ་དེ་མེད་དོ།། ཇི་ལྟར་དྲི་ཟ་འགྲོང་ཁྱེར་དང་།། སྙ་མ
190a4 སྨིག་ཏུའི་ཆུ། ། མེད་བཞིན་དུ་ནི་སྣང་བ་ལྟར།། དེ་བཞིན་གཞན་གྱི་དབང་ཡིན་ནོ།། བདག་དང་དབང་པོར་གདགས་པ་ནི།། ངས་ནི་སེམས་ལ་མི་བཤད་དོ།། སེམས་དང་ཡིད་དང་རྣམ་ཤེས་པ།། རང་གི་མཚན་ཉིད་བྲལ་བའོ།། སེམ
190a5 དང་ཡིད་དང་རྣམ་ཤེས་དང་། ། དེ་བཞིན་བདག་མེད་རྣམ་གཉིས་དང་།། ཆོས་ལྔ་དག་དང་རང་བཞིན་རྣམས།། དེ་ནི་སངས་རྒྱས་སྤྱོད་ཡུལ་ཡིན།། མཚན་ཉིད་ཀྱིས་ནི་གསུམ་དུ་འགྱུར།། བག་ཆགས་གཅིག་གི་རྒྱུ་ལས་གྱུར།།
190a6 ལྟར་ཆེན་རྩ་གཅིག་པ་ཡང་།། རྩིག་པ་ལ་ནི་སྣ་ཚོགས་སྣང་།། སེམས་དང་བདག་མེད་གཉིས་པོ་དང་།། ཡིད་དང་རྣམ་པར་ཤེས་པ་དང་།། རང་བཞིད་རྣམས་དང་ཆོས་ལྔ་པོ།། དེ་དག་ཡི་རིགས་ལ་མེད།། སེམས་ཀྱི་མཚན
190a7 ཉིད་བྲལ་བ་དང་། ། རྣམ་པར་ཤེས་དང་ཡ་སྤང་ས་ཤིང་།། ཆོས་ཀྱིང་བཞིན་མེད་པ་བཞི།། དེ་བཞིན་གཤེགས་པའི་རིགས་ཡིན་ནོ།། ལུས་དང་ངག་དང་ཡིད་རྣམས་ཀྱིས།། དེ་ལ་དགེ་བར་བྱ་མ་ཡིན།། དེ་བཞིན་གཤེགས
190a8 རིགས་དག་པ་སྟེ། ། ཀུན་ཏུ་རྒྱུ་བ་སྤངས་པའོ།། མངོན་པར་ཤེས་དང་དབང་གིས་དག། ཏིང་ངེ་འཛིན་དང་སྟོབས་ཀྱིས་བརྒྱན།། ཡིད་ཀྱི་ལུས་ནི་སྣ་ཚོགས་པ།། དེ་བཞིན་གཤེགས་པའི་དགེ་བའི་རིགས།། སོ་སོར




iiif viewer powered by OpenSeadragon

189b - 190b

Texts on this page

Q775 - 'phags pa lang kar gshegs pa'i theg pa chen po'i mdo