| | e-texts navigator
|
189b1 དཔའ་རླབས་འབྱུང་བའི་ཆོས་འཐུན་ཕྱིར།། དཔེའ་ཡིས་ཉེ་བར་སྦར་མ་ཡིན།། བཟང་ངན་པར་མའི་སྐྱེ་བོ་ལ།། གདུགས་འཚར་འགྱུར་བ་ཇི་བཞིན་དུ།། དེ་བཞིན་འཇིག་རྟེན་སྒྲོན་མ་ཁྱོད།། བྱིས་པ་རྣམས་ལ་ཡང་དག་སྟོན།།
189b2 ཆོས་ལ་རབ་ཏུ་ཞུགས་མཛད་ཅིང་།། ཇི་ལྟར་དེ་བཞིན་ཉིད་མི་གསུང་།། དེ་སྟེ་དེ་བཞིན་ཉིད་གསུང་ན།། སེམས་ལ་དེ་བཞིན་ཉིད་མ་མཆིས།། ཇི་ལྟར་རྒྱ་མཚོའི་དཔའ་རླབས་དང་།། མེ་ལོང་རྨི་ལམ་ཇི་བཞིན་དུ།། ཅིག་ཆའི་དུས
189b3 སུ་སྣང་བ་ལྟར། ། དེ་བཞིན་སེམས་ཀྱང་དང་ཡུལ་ལ།། ཡུལ་རྣམས་དང་ནི་མི་ལྡན་པས།། རིམ་གྱིས་འཇུག་པས་རབ་ཏུ་འབྱུང་།། རྣམ་པར་ཤེས་པས་རྣམ་པར་རེག། ཡིད་ཀྱིས་ཀྱང་ནི་རློམ་སེམས་བྱེད།། ལྔ་པོ་རྣམས་ལ་སྣང་བར
189b4 མངོ། ། མཉམ་པར་བཞག་ལ་རིམ་པའོ།། རི་མོའི་མཁན་པོ་ལ་ལ་འམ།། རི་མའི་སློབ་མ་ཇི་ལྟ་བུར།། རི་མོའི་དོན་དུ་ཚེན་འགྱེད་པ།། དེ་ཡི་བཤད་པ་དེ་དང་འདྲ།། ཚོན་ལ་རི་མོ་ཡོད་པ་མིན།། བི་རིར་ལ་མེད་ཅིང་སྟོད་ལ་མེད།།
189b5 སེམས་ཅན་རྣམས་ནི་དྲང་བའི་ཕྱིར།། ཚོན་གྱི་རི་མོ་རྣམ་པར་བརྟག། ཡང་དག་ཡི་གེ་སྤངས་པ་སྟེ།། བཤད་པ་དག་ནི་འཁྲུལ་པའོ།། ཆོས་རྣམས་ལ་ནི་གནས་བཅས་ཤིང་།། རྣལ་འབྱོར་ཅན་ལ་ཡང་དག་བསྟན།། སོ་སོ་རང
189b6 རིག་ཡང་དག་ཉིད། ། ཏོག་དང་རྟག་བྱ་སྤངས་པ་ནི།། རྒྱལ་སྲས་རྣམས་ལ་བསྟན་པ་ཡི།། བྱིས་པ་རྣམས་ལ་རྣམ་གཞན་བཤད།། ཇི་ལྟར་སྒྱུ་མ་སྣ་ཚོགས་དག། སྣང་ཡང་ཡོད་པ་མ་ཡིན་པ།། བཤད་པ་སྣ་ཚོགས་འཁྲུལ་པ
189b7 ཡང་། ། དེ་བཞིན་དུ་ནི་བཤད་པ་ཡིན།། གཞན་ལ་གང་ཞིག་བསྟན་པ་དེ།། གཞན་ལ་བཤད་པ་མ་ཡིན་ཏེ།། ཇི་ལྟར་ནང་བ་ནང་བ་ལ།། སྨན་པས་སྨན་རྣམས་གཏོད་པ་ལྟར།། སངས་རྒྱས་དེ་བཞིན་སེམས་ཅན་ལ།། སེམས་ཙམ་དུའང
189b8 རབ་ཏུ་གསུང་། ། ཕྱི་རོལ་བག་ཆགས་ས་བོན་གྱིས།། རྣམ་པར་རྟོག་པ་རབ་ཏུ་འབྱུང་།། གང་གིས་འཛིན་པ་དབང་ཡིན་ཏེ།། གང་བཟུང་དེ་ནི་བརྟགས་པ་ཡིན།། ཕྱི་རོལ་དམིགས་པ་བཟུང་བྱས་ཤིང་།། སེམས་ལའང་བརྟེན་སྟེ།
iiif viewer powered by OpenSeadragon
189a - 190a