e-texts navigator
Collection
Volume
Page
Wylie

188b1 དུཀུར་ནས་ནི། ། སྔམ་འདྲ་བའི་ཏིང་འཛིན་དང་།། ཡིད་ཀྱི་ལུས་དང་དེ་བཞིན་ཏེ།། དབང་དང་ས་བཅུ་རྣམས་ཀྱང་འཐོབ།། རང་གི་རྣམ་རྟོག་ཕྱིན་ཅི་ལོག། སྤྲོས་པ་དང་ནི་གཡོ་བ་དང་།། ཐོས་མཐོང་ཤེས་དང་རྟོགས་པ་དང་།། འདྲ།
188b2 ཤེས་ངག་གསབས་པ་བཅིངས།། གཞན་གྱི་དབང་ནི་མཚན་མ་སྟེན།། གང་མིང་དེ་ནི་ཀུན་བརྟགས་པ།། ཀུན་རྟོག་པ་དང་མཚན་མ་ནི།། གཞན་གྱི་དབང་ལས་ཤིན་དུ་འབྱུང་།། བློ་ཡས་རབ་ཏུ་གཞིགས་ནས་ནི།། བརྟགས་པ་མེད་ཅིང་དང
188b3 ཡང་མེད། ། གྲུབ་པའིའ་དངོས་པོ་ཡང་མེད་ན།། ཇི་ལྟར་བློ་ཡིས་རྣམ་པར་བརྟག། ཡོད་དང་མེད་པ་སྤབས་པ་ཡི།། གྲུབ་པ་ཡི་ནི་དངོས་པོ་ཡོད།། དངོས་པོ་ཡོད་མེད་རྣམ་གྲོལ་བའི།། རང་བཞིན་གཉིས་སུ་ཇི་ལྟར་འགྱུར།། ཀུན་ཏུ་བརྟགས
188b4 པའི་རང་བཞིན་ལ། ། རང་བཞིན་དག་ནི་གཉིས་གནས་སྟེ།། བརྟགས་པ་རྣམ་པ་སྣ་ཚོགས་སྣང་།། རྣམ་དག་འཕགས་པའི་སྤྱོད་ཡུལ་ལོ།། བརྟགས་པ་སྣ་ཚོགས་སྣང་བ་ལ།། གཞན་གྱི་དབང་ཞེས་རྟོག་བྱེད་དེ།། རྣམ་པ་གཞན་དུ།
188b5 རྟག་ན་ནི།། མུ་སྟེགས་སྦྲུ་ལ་གནས་པར་འགྱུར།། རྟོག་པ་བརྟགས་ཤེས་བཤད་པ་སྟེ།། མཐོང་བྱར་རྒྱུ་ལས་བྱུང་བ་ཡི་ནི།། རྣམ་རྟོག་གཉིས་ལས་གྲོལ་བ་ནི།། རྫོགས་པ་ཉིད་ཀྱང་དེ་ཡིན་ནོ།། །། འཕགས་པ་ལང་ཀར་གཤེག
188b6 པ། བམ་པོ་དགུ་པ།། ། ཞིང་དང་སངས་རྒྱས་སྤྲུལ་པ་དང་།། ཐེག་པ་གཅིག་དང་དེ་བཞིན་གསུམ།། མྱ་ངན་འདས་དང་དེ་མེད་དེ།། ཐམས་ཅད་སྤྱོད་པ་སྐྱེ་སྤངས་པའོ།། སངས་རྒྱས་བྱེ་བྲག་སུམ་ཅུ་དྲུག
188b7 བྱེ་བྲག་དག་ནི་བན་པ་དང་། ། སེམས་ཅན་སོ་སོའི་སེམས་རྒྱུད་བ་རྣམས།། བདག་ཞིང་གི་སྣོང་ཡིན་ནོ།། ཇི་ལྟར་བརྟགས་པའི་དངོས་པོ་ན།། སྣ་ཚོགས་བལྟ་བར་སྣང་མོད་ཀྱི།། སྣ་ཚོགས་ཉིད་ནི་དེ་ལ་མེད།། འགྲོ་བ་དེ་བཞིན་ཆོས
188b8 སངས་རྒྱས། ། ཆོས་ཀྱི་སངས་རྒྱས་སངས་རྒྱས་ཡིན།། ལྷག་པ་ང་ཡི་སྩལ་པའོ།། སེམས་ཅན་རང་གི་ས་བོན་རྒྱུར།། སངས་རྒྱས་རྣམ་པར་མཐོང་བའོ།། མཚན་མ་འབྲེལ་ལས་ནོར་བ་ཡི།། རྣམ་པར་རྟོག་པ་རབ་ཏུ་འཇུག། རྟོག




iiif viewer powered by OpenSeadragon

188a - 189a

Texts on this page

Q775 - 'phags pa lang kar gshegs pa'i theg pa chen po'i mdo