e-texts navigator
Collection
Volume
Page
Wylie

188a1 གཏོང་སྟེ། ད་། སྒྲོ་འདོགས་པས།། དབུ་མ་དགའ་སྟོན་པར་འགྱུར།། སེམས་ཙམ་དུ་ནི་རྟོགས་པ་དང་།། ཕྱི་རོལ་དངོས་པོ་རྣམ་བསལ་བས།། རྣམ་པར་རྟོག་པ་རྣམ་ལྡོག་གོ།། ལམ་དེ་ཉིད་ན་དབུ་མའོ།། སམས་ཙམ་ཡན
188a2 ཏེ་སྣང་བ་མེད། ། སྣང་བ་མེད་པས་མི་སྐྱེ་སྟེ།། དབུ་མ་ཡི་ནི་ལམ་འདི་ཡང་།། ད་དང་གཞན་དག་གིས་ཀྱང་བཤད།། སྐྱེ་བ་དང་ནི་མི་སྐྱེ་དང་།། དངོས་དང་དངོས་མེད་སྟོང་པ་དང་།། དངོས་པོ་རང་བཞིན་མེད་པ་ནི།། གཉིས་པོ་དེ་དག་རྣམ་མི་རྟོག། རྣམ་པར
188a3 རྟོག་པ་འཇུག་མེད་པས། ། བྱིས་པ་རྣམས་ན་ཐར་པར་རྟོག། སེམས་འཇུག་པ་ནི་མ་རྟོགས་པས།། འཛིན་པ་གཉིས་ནི་སྡོང་མི་འགྱུར།། རང་གི་སེམས་སྣང་རྟོགས་པའི་ཕྱིར།། འཛིན་པ་རྣམ་གཉིས་སྤོང་བར་འགྱུར།། སྤོང་དང་ཡོངས་སུ་འཛིན་པ་ནི།།
188a4 རྣམ་རྟོག་འཇིག་པར་བྱེད་མ་ཡིན།། སེམས་སྣང་ཡོངས་སུ་ཤེས་པའི་ཕྱིར།། རྣམ་པར་རྟག་པ་མ་འཇུག་ག། རྣམ་པར་རྟོག་པ་མི་འཇུག་གོ།། དེ་བཞིན་ཉིད་ནི་སེམས་སྤངས་པའོ།། མུ་སྟེགས་ཅན་གྱིས་སྤངས་པ།། འཇུག་པ་གལ་ཏེ་སྣང་གྱུར་ན།།
188a5 ལྡོག་པ་འཇུག་པར་མ་བྱེད་པས།། མཁས་པ་དག་གིས་དེ་བཟུང་ངོ་།། དེ་རྟོགས་ཕྱིར་ནི་སངས་རྒྱས་སུ།། ང་དང་སངས་རྒྱས་གཞན་གྱིས་བཤད།། རྣམ་པ་གཞན་ཏུ་རྟོག་ན་ནི།། མུ་སྟེགས་ཅན་གྱི་སྨྲ་བར་འགྱུར།། མི་སྐྱེ་བ་ལ་སྐྱེ་བ་མང་། འཕོས་མེ
188a6 ཅིང་འཚ་འཕོར་འགྱུར། ། ཞིང་རྣམས་བྱེ་བར་གཅིག་ཆར་ཡང་།། ཆུ་ཡི་ཟླ་བ་བཞིན་དུ་སྣང་།། གཅིག་དམར་པོར་གྱུར་ནས་ནི།། མེ་ཡང་འབར་ཞིང་ཆར་ཡང་འབེབས།། སེམས་ལ་སེམས་ཀྱི་བྱུང་ནས་ནི།། དེ་དག་སེམས་ཙམ་དུ་ཡང་སྭཱ།། སེམས
188a7 རྣམས་ལ་ནི་སེམས་ཙམ་དང་། ། སེམས་མེད་པར་ནི་སེམས་ལས་བྷང་།། རྣམ་པ་སྣ་ཚོགས་གཟུགས་དང་དབྱིབས།། སེམས་ཙམ་དུ་ནི་རྟོགས་པར་རིག། ཐབ་དབང་དང་ནི་ཉན་ཐོས་གཟུགས།། རང་རྒྱལ་དང་ཡང་འདྲ་བ་དང་། རྣམ་པ་མ
188a8 བའི་གཟུགས་གཞན་གྱིས། ། སེམས་ཅས་དེ་དག་ས།། གཟུགས་མེད་པས་ནི་གཟུགས་མེད་གཟུགས།། དམྱལ་བ་པ་ལ་དམྱལ་བའི་གཟུགས།། སེམས་ཙམ་གྱི་ནི་རྒྱུ་དག་ཀྱང་།། སེམས་ཅན་རྣམས་ལ་སྟེན་པར་བྱེད།། དེ་དག་ཤིན




iiif viewer powered by OpenSeadragon

187b - 188b

Texts on this page

Q775 - 'phags pa lang kar gshegs pa'i theg pa chen po'i mdo