e-texts navigator
Collection
Volume
Page
Wylie

187b1 དང་དབང་ལྡན་གྱིས། ། རྣལ་འབྱོར་པར་ནི་མྱུར་དུ་འགྱུར།། རྡུལ་ཕྲན་དུས་དང་གཙོ་བོ་དང་།། བྱེད་པ་ལས་ཀྱང་མི་རྟོག་གོ།། འཇིག་རྟེན་རྒྱུ་རྐྱེན་ལས་བྱུང་བར།། རྣལ་འབྱོར་པས་ནི་མི་བརྟག་གོ།། འཇིག་རྟེན་རང་གི་རྟོག་པས
187b2 བརྟགས། ། སྣ་ཚོགས་བག་ཆགས་སེམས་ལས་བྱུང་།། སྲིད་པ་སྐུ་མ་རྨི་འདྲ་བ།། རྣལ་འབྱོར་ཅན་གྱིས་རྟག་ཏུ་ལྟོས།། སྒྲོ་འདོགས་པ་དང་སྐུར་བ་ཡིས།། སྤངས་པར་ལྟ་བ་རྟག་ཏུ་སྟེ།། ཞི་བའི་ལམ་ནི་དགེར་སོད་ནས།།
187b3 རྣལ་འབྱོར་སྣ་ཚོགས་རྩོམ་པར་བྱེད།། ལུས་དང་ལོངས་སྤྱོད་གནས་འདྲ་བར།། སྲིད་པ་གསུམ་ལ་མ་རྟོགས་ཤིག། ཟས་ཀྱི་བྱ་བ་བྱས་པ་དང་།། བསམ་པ་མེད་པར་ལུས་བསྲུང་ནས།། སངས་རྒྱས་དང་ནི་བྱང་ཆུབ་ལ།། ཡང་དང
187b4 ཡང་དུ་ཕྱག་འཚལ་ཏེ། ། རྣལ་འབྱོར་ཤེས་པས་མདོ་འདུལ་དང་།། འཐོར་བས་ཡང་དག་བསྡུས་ན་མ་ནི།། ཆོས་ལྔ་དང་ནི་རང་སེམས་དང་།། བདག་མེད་པ་ལ་རྣམ་པར་སྙོམས།། སོ་སོ་རང་རིག་ཆོས་ཉིད་གཙང།། ས་རྣམ
187b5 དང་ནི་སངས་རྒྱས་ས། ། རྣལ་འབྱོར་ཅན་གྱིས་དེ་བསྒོམས་ན།། པད་མོ་ཆེ་ལ་དབང་བསྐུར་འགྱུར།། འགྲོ་བ་ཀུན་ཏུ་རབ་འཁྱམས་པས།། སྲིད་པ་ལ་ནི་སྐྱོ་བའི་ཡིད།། རྣལ་འབྱོར་ཅན་གྱིས་བརྩོན་བྱས་ན།། ཉི་མ་ཟླ་བའི་དབྱིབས་འདྲ་དང་།། འོད་དང
187b6 བ་པོ་ལྔ་བུ་དང་། ། རི་མོན་མ་མཁའི་མེ་འདྲ་མཐོང་།། མཚན་མ་སྣ་ཚོགས་དེ་དག་ནི།། མུ་སྔགས་ཅན་ལམ་ཁྲིད་པར་བྱེད།། ནོཐོས་ག་དང་ང་རྒྱལ་གྱི།། སྤྱོད་ཡུལ་དུའང་ལྟུང་བར་བྱེད།། འདི་དག་ཐམས་ཅད་རྣམ་སྤངས་ཤིང་།། སྣ
187b7 པར་ནམ་གྱུར་པ། ། དེ་ཚེ་སངས་རྒྱས་ལྷ་ཡི་ཕྱག། ཐམས་ཅད་ཞེད་ནས་བྱུང་བ་ཡིས།། དེ་ཡི་མགོ་ལ་ཉུག་མཛད་དེ།། ཡང་དག་རྗེས་སུ་འགྲོ་བའི་ལྟས།། རྒྱུ་མེད་པ་ལས་དངོས་པོ་ནི།། རྟག་དང་ཆད་པ་སྤངས་པ་ཡི།། ཡོད་མེད་ཕྱོགས་བྲལ་ཡ
187b8 དེ་ཞེས། ། དབུ་མར་རྣམ་པར་རྟོག་པར་འགྱུར།། རྒྱུ་མེད་པར་ནི་སྨྲ་བས་ན།། རྒྱུ་མེད་ཆད་པར་ལྟ་བར་རྟོག། ཕྱི་རོལ་དངོས་པོ་མ་རྟོགས་ཕྱིར།། དབུ་མ་འཇིག་པར་བྱེད་པར་འགྱུར།། ཆད་པའི་ལྟ་བར་འགྱུར་སྙམ་པས།། དངོས་པོ་འཛིན་པ་མི




iiif viewer powered by OpenSeadragon

187a - 188a

Texts on this page

Q775 - 'phags pa lang kar gshegs pa'i theg pa chen po'i mdo