e-texts navigator
Collection
Volume
Page
Wylie

187a1 བསྐུར། ། ལྕགས་དང་རྡོ་དང་ཁམ་པ་དང་།། བུད་དང་ཤེལ་ལས་བྱས་པ་ཡི།། མ་ག་དྷ་ཡི་བྲེ་གར་ཚད།། ལྷུང་བཟེད་རྣལ་འབྱོར་ཅན་གྱིས་བཅང་།། གུ་པ་གོས་དྲའི་གྲི་ཡང་ནི།། སོར་བཞི་པ་ཡི་ཚད་དུ་བྱ།། རྣལ་འབྱོར་པཞོལ
187a2 རྣལ་འབྱོར་པ་ས། ། བཟོ་ཡི་རིག་པ་མི་བསླབ་པོ།། རྣལ་འབྱོར་ཞུགས་པའི་རྣལ་འབྱོར་པས།། ཉེ་དང་བཙང་བ་མི་བྱའོ།། ཀུན་དགའི་ཁྱབ་པས་དེ་བྱས་ཏེ།། དེ་ནི་ཆོས་སུ་ངས་བཤད་དོ།། དབང་པོ་བསྡམས་ཤིང་དོན་ཤེས་པས
187a3 མདོ་དང་འདུལ་ལ་དེ་བཞིན་ཏེ། ། ཁྱིམ་པ་དང་ནི་མ་འདྲེས་པར།། རྣལ་འབྱོར་ཅན་ལ་དེ་ངས་བཤད།། སྟོང་པའི་ཁྱིབ་འམ་དུར་ཁྲོད་དམ།། ཤིང་གི་དུང་དང་ཕུག་རྣམས་དང་།། བླགས་མེད་པ་འམ་སྲོག་ཁྲོད་དུ།། རྣལ་འབྱོར
187a4 ཅན་གྱིས་གནས་བཅའོ། ། དུར་ཁྲོད་དུ་འམ་གཞན་གང་དུའང་།། རྟག་པར་གོས་གསུམ་བགོ་བར་བྱ།། གང་ཡང་བདེ་བར་བྱིན་པ་དག། གོས་ཀྱི་ཕྱིར་ནི་སྦྱར་བར་བྱ།། སློངས་མོའི་ཟས་ལ་གཞོལ་བྱས་ཏེ།། གཏའ་ཡིང་ཀར་དུ
187a5 བལྟ་བར་བྱ། ། མེ་ཏོག་ལ་ནི་བུང་བ་ལྟར།། དེ་ལྟར་བསོད་སྙོམས་སྤྱད་པར་བྱ།། མང་པོའི་ཚོགས་དང་འདྲེས་པ་དང་།། དགེ་སློང་མ་དང་གང་འདྲེས་པ།། འདྲེས་པར་གྱུར་པའི་འཚེ་བ་དེ།། རྣལ་འབྱོར་ཅན་ལ་རུང་མ་ཡིན།། ཞལ
187a6 འབྱོར་གཞལ་བའི་རྣལ་འབྱོར་པས། ། རྒྱལ་པོ་དང་ནི་རྒྱལ་པོའི་བུ།། དེ་བཞིན་བློན་པོ་ཚོང་དཔོན་ལ།། ཟས་ཀྱི་ཕྱིར་ན་བསྟེན་མི་བྱ།། ཤིང་དང་བཅས་པའི་ཁྱིམ་ཟས་དང་།། དགའ་དངའཇ་དང་ལྡན་པ་དང་།། དགེ་སློང་ད
187a7 སློང་མ་དང་འདྲེས། ། རྣལ་འབྱོར་ཅན་ལ་དེ་མི་རུང་།། དུ་བ་གར་འཐུལ་གཙུག་ལག་ཁང་།། ཆོ་ག་བཞིན་དུ་རྟག་བཅོད་དང་།། བདག་གི་ཕྱིར་ནི་གར་བྱས་པ།། རྣལ་འབྱོར་ཅན་ལ་དེ་མི་རུང་།། འཇིག་རྟེན་མཚན་གཞི་མཚན
187a8 ལྡན་ལ། ། སྐྱེ་དང་འཇིག་ལས་གྲོལ་བ་དང་།། ཡོད་དང་མེད་ཀྱི་ཕྱོགས་སྤངས་པ།། རྣལ་འབྱོར་ཅན་གྱིས་རྣལ་འབྱོར་བསྒོམས།། གལ་ཏེ་སྐྱེ་བར་མི་རྟོག་ན།། ཏིང་ངེ་འཛིན་དང་སྟོབས་རྣམས་དང་།། མངོན་པར་ཤེས




iiif viewer powered by OpenSeadragon

186b - 187b

Texts on this page

Q775 - 'phags pa lang kar gshegs pa'i theg pa chen po'i mdo