e-texts navigator
Collection
Volume
Page
Wylie

308b1 པར་བྱེད་པ་དང་། ཐབས་ཤེས་པ་ལ་མཁས་པ་དང་། སེམས་ཅན་མེད་པར་རྣམ་པར་དཔྱོད་པ་དང་། སྙིང་རྗེ་ཆེན་པོ་སྟེ། ཁྱེའུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པ་དེ་དག་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པར
308b2 བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། ཟབ་མོའི་ཆོས་རྣམས་ལ་ཡང་བཟོད་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཞི་པ་བསྒྲུབ་པ་བསྟན་པ་འདི་བཤད་པ་ན། ཁྱེའུ་སྣང་པ་བསམ་གྱིས་མི་ཁྱབ་པ་མི་སྐྱེ་བའི་ཆོས
308b3 ལ་བཟོད་པར་ཐོབ་པར་གྱུར་ཏེ། དེ་དགའ་བ་དང་མཆོག་ཏུ་དགའ་བ་དེ་ཉིད་ཀྱིས་ཏལ་བདུན་སྲིད་ཙམ་དུ་སྟེང་གི་བར་སྣང་ལ་མངོན་པར་འཕགས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་དོ།། འདི་ནི
308b4 སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེ་ནས་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་འཕྲོ་བ་ཁ་དོག་སྣ་ཚོགས། ཁ་དོག་དུ་མ་བྱུང་བ་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ
308b5 དང་། དཀར་པོ་དང་། ལེ་བ་རྒན་དང་། དངུལ་གྱི་ཁ་དོག་ལྟ་བུ་སྟེ། ཁ་དོག་དུ་མ་དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་སྣང་བར་བྱས་ཏེ། ཚངས་པའི་འཇིག་རྟེན་གྱིས་བར་དུ་མངོན་པར་བྱུང་ནས། ཟླ་བ
308b6 དང་ཉི་མ་རྣམས་ཀྱི་འོད་མོག་མོག་པར་བྱས་ཏེ། སླར་ལོག་ནས་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་པོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ན། བླ་གོས་ཕྲག་པ་ཅིག་ཏུ་བཟར་ནས། པུས་མོ་གཡས
308b7 པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་དོན་དེ་ཞུས་པ། བལྟ་སྡུག་བལྟར་འོས་གཟུགས་དང་མཚན
308b8 རྣམས་དང་། ། དེཔེ་བྱད་བཟང་པོ་རྣམས་ཀྱིས་རབ་མཛེས་ཤིང་འོད་ཀྱི་དཀྱིལ་འཁོར་འད་ཀྱི་འོད་མཛད་པ།། འཛུམ་མཛད་དེ་བདག་ལ་བསྟན་དུ་གསོལ།། ཚུལ་ཁྲིམས་འཕགས་ཤིང་སྤྱོད་པ་ལགས་སྤྱད་པ།། ཏིད་འཛིན་ཤས




iiif viewer powered by OpenSeadragon

308a - 309a

Texts on this page

Q771 - 'phags pa khye'u snang ba bsam gyis mi khyab pas bstan pa zhes bya ba'i chos kyi rnam grangs