| | e-texts navigator
|
308a1 མ་མས་རྣམས་པ་ཡང་མེད་པ་ཟབ་པར་འགྱུར། ཅོམ་ལྡན་དས་པས་བཀའ་སྩལ་པ།། བྱ་བྱུང་ཆུབ་སེམས་དཔའ་རས་བཞི་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྟགས་པ་བྱང་དུ
308a2 མངོན་པར་རྫོགས་པར་འཚང་ཏུབ་དང་། བ་མ་ཆོས་རྣམས་ལ་ཡང་བཟོད་པ་ཐོབ་པར་འགྱུར་ཏེ། བཞི་གང་ཞེས་ན།། རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་ལ་ལ་འཇུག་པར་དང་། ཆད་པ་དང་། རྟག་པ་རྣམ་པར་སྤོང་བ
308a3 དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པར་འཇུག་པ་དང་། སྟོང་པ་ཉིད་ལ་མོས་ཤིང་། སྟོང་པ་ཉིད་སྤྱོད་ཡུལ་བ་སྟེ། བྱང་ཆུབ་སེམས་དཔའ་ཆོས་བཞི་པ་དེ་དག་དང་ལྡནན་མྱུར་དུ་བླ་ན་མེད
308a4 པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། ཟབ་མོ་ཆོས་རྣམས་པ་ཡང་བཟོད་པ་ཐོབ་པར་འགྱུར་རོ།། ཁྱེའུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་མྱུར
308a5 བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། བཞི་གང་ཞེ་ན། སྔོན་གྱི་མཐའ་དབེན་པ་དང་། ཕྱི་མའི་མཐའ་མི་འཕོ་བ་དང་། དལྟར་བྱུང་བ་འཇིག་པར་ཤེས་པ་དང་། དུས
308a6 གསུམ་མཉམ་པ་ཉིད་དེ་བཞི་པོ་དེ་དག་གོ། ། གཞན་ཡང་བཞི་སྟེ། བཞི་གང་ཞེ་ན་ལུས་དབེན་པ་དང་། སེམས་དབེན་པ་དང་། ཆོས་དབེན་པ་དང་། ལས་དབེན་པ་སྟེ། བཞི་པོ་དེ་དག་གོ།། གཞན་ཡང་བཞི་སྟེ། བཞིག
308a7 ཞེ་ན། སངས་རྒྱས་ལ་ཆོས་ཉིད་དུ་མཐོང་གི་གཟུགས་སུ་མ་ཡིན་པ་དང་། ཆོས་ལ་འདོད་ཆགས་དང་བྲལ་བར་མཐོང་གི་ཡི་གེ་དང་། ས་ངེས་པའི་ཚིག་ཏུ་མ་ཡིན་པ་དང་། དགེ་འདུན་ལ་འདུས་མ་བྱས་སུ་མཐོང་གི
308a8 ཚོགས་སུ་མ་ཡིན་པ་དང་། ཤེས་རབ་ཀྱི་མིག་ཡོངས་སུ་དག་པར་འགྱུར་བ་སྟེ། བཞི་པོ་དེ་དག་གོ། གཞན་ཡང་བཞི་སྟེ། བཞི་གང་ཞེ་ན། བསྡུ་བའི་དངོས་པོ་མི་གཏོང་བས་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས
iiif viewer powered by OpenSeadragon
307b - 308b