e-texts navigator
Collection
Volume
Page
Wylie

306b1 མངོན་པར་ཤེས་པས་རྣམ་པར་རྩེ་བར་གྱུར།། དེཿལ་བྱང་ཆུབ་སེམས་དཔའ་ས་ཞེས་བྱ་བར་གྱུར་པ་གང་ཡིན་པ་དེན་ཆོས་རྒྱ་ངན་པ་དང་ལྡན་པར་མ་གྱུར་ཏེ། ལྷ་བཟང་གི་གཡོག་བྱེད་དོ།། དེ་ཧ་ཅང་གྲོང་དང་། གྲོང་དལ་དང་། ཡུ
306b2 འཁོར་དང་། ཕོ་བྲང་འཁོར་དག་ཏུ་འཇུག་སྟེ། ཞུགས་ནས་ཀྱང་བྱ་བ་མང་ཞིང་བྱེད་པ་མང་བར་གྱུར་ནས། བྱང་ཆུབ་སེམས་དཔའ་ལྷ་བཟང་དེས་དེ་ལ་ཁྱོད་ཅིའི་ཕྱིར་རྣལ་འབྱོར་དང་སྤོང་བ་ལ་བརྩོན་པར་མི་བྱེད་པར་ཧ་ཅང་བྱ་བ་མང
306b3 ཞིང་ཧ་ཅང་བྱེད་པ་མང་ཞེས་བསྒོ་ཞིང་བསྟན་ཏོ། ། དེས་དེ་ལ་ཡང་དང་ཡང་བསྐུལ་བས་ཁྲོས་འཁྲུགས་ཏེ་ཡིད་མ་རངས་ནས། གནོད་སེམས་སུ་གྱུར་པ་དེས་ལུས་དང་སེམས་མ་རུང་བར་བྱས་ཏེ། དོན་དུ་བསམས་ནས་ཚིག་རྩུབ་བོ།
306b4 སྨྲས་པ། རྣལ་གྱི་བུ་སྦྱར་མའི་བུ། སྐྱེས་པ་གཞན་ལས་གྲུབ་པ་ཁྱོད་ཀྱི་བ་མ་ཡང་མེད་ན།། ཁྱོད་ལ་ཤེས་རབ་འམ། ཚུལ་ཁྲིམས་ལྟ་ག་ལ་ཡོད་ཅེས་དེས་དན་དུ་བསམས་ཏེ། ཚིག་རྩུབ་པོ་སྨྲས་པ། མི་མཐོལ་མི་འཆག
306b5 མི་འདོར་གྱི་ཞེ་ལ་འཛིན་ཏེ། དེ་བྱང་ཆུབ་སེམས་དཔའ་ལྷ་བཟང་དེ་ལ་རྟག་ཏུ་ངན་སེམས་དང་ལྡན་ཞིང་བྱམས་པའི་སེམས་མེད་པར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་ལྷ་བཟང་གིས་ཀྱང་དེ་སྣོད་མ་ཡིན་ནོ།།
306b6 ཞེས་ནས་བཀྱེད་པ་དང་། དེ་དེ་བས་ཀྱང་བྱང་ཆུབ་སེམས་དཔའ་ལྷ་བཟད་ལ་ངན་དུ་སེམས་ཤིང་བསྔགས་པ་མ་ཡིན་བརྗོད་དེ། སྙན་པ་མ་ཡིན་པ་དང་། གྲགས་པ་མ་ཡིན་པ་དང་། ཚིགས་སུ་བཅད་པ་མ་ཡིན་པ
306b7 རྗོ་དོ། ། དེ་ལས་བསགས་ཤིང་ཚེགས་སུ་བྱས་པ་དེས་ལུས་ཞིགས་ཏེ། ཤི་བའི་འོག་ཏུ་བུད་མེད་ཁྱིམ་ཏབ་མེད་པའི་མངལ་དུ་སྐྱེས་སོ།། བྱང་ཆུབ་ཀྱི་སེམས་བསྲུང་བས་དེས་ན་སེམས་ཅན་དམྱལ་བར་ནི་མ་སྐྱེས
306b8 དེ་བཅས་མ་ཐག་ཏུ་བུད་མེད་དེས་ལམ་སྲང་ཆེན་པོར་བོར་ཏེ། དེར་དེ་ཁྱི་དང་། སྤྱང་ཀི་དང་། ཅེ་སྤྱང་རྣམས་ཀྱིས་ཟོས་སོ།། རྒྱལ་པོ་ཆེན་པོ་ཚུལ་འདི་འདྲ་བར་འདི་བསྐལ་པ་དགུ་བཅུར་སྡུག་བསྔལ་འདི་ལྟ་བུ་དང་། ཉམ




iiif viewer powered by OpenSeadragon

306a - 307a

Texts on this page

Q771 - 'phags pa khye'u snang ba bsam gyis mi khyab pas bstan pa zhes bya ba'i chos kyi rnam grangs