| | e-texts navigator
|
301a1 གྱི་དགེ་བའི་རྩ་བས། བཅོམ་ལྡན་འདས་ལ་སྐང་ཚིགས་སུ་བཅད་དེ་གསོལ་པ། བདག་མ་མཆིས་པའི་ཆོས་རྣམས་ལ།། ཐུབ་པའི་དབང་ཕྱུག་སུ་ཞིག་འཇིགས།། ཐམས་ཅད་མཁྱེན་པ་སྨྲ་བའི་མཆོག། ཇི་ལྟར་འདིར
301a2 མཆིས་ལས་གང་ལགས། ། བདག་གཅིག་བདག་གི་གང་མ་མཆིས།། བདག་ཀྱང་གང་གཱིའང་མ་ལགས་ཏེ།། བདག་ནི་སུའི་ལགས་དེ་མ་མཐོང་།། བདག་གི་སུ་ལགས་དེ་མ་མཐོང་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན
301a3 ཅད་སྡིག་པ་བྱས་པའི་ལས། ། དེ་ཡི་རྣམ་སྨིན་འདི་འདྲ་སྟེ། ཁང་པ་སྟོང་པ་འདིར་བོར་ནས།། སྡུག་བསྔལ་ཚོར་བ་མྱོང་བ་ཡིན།། ཁྱེའུས་གསོལ་པ། གཽ་ཏ་མ་ཁར་སྟོང་སྙམ་པ་ཡིན། འདུ་ཤེས་དདུང་མངའ་བབལྟ།། བྱང་ཆུབ་སྙིད
301a4 པོ་ཁྱོད་བཞུགས་ནས། ། འདུ་ཤེས་ཡོངས་སུ་མ་མཁྱེན་ཏམ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་གངས་ནི་འདྲ་ཤེས་ཡོངས་ཤེས་ཏེ། ང་ལ་འདུ་ཤེས་ཡོད་མ་ཡིན།། ཁྱོད་ཉིད་ཕ་ནི་སྙིང་བརྩེ་བས།། ཁང་པར་སྟོར་པ་འདིར་འོདྲ།
301a5 སོ།། ཁྱེའུས་གསོལ་པ། སེམས་ཅན་དག་ནི་བར་འགའ་ཡང་།། གང་ཚེ་ཤིན་དུ་མི་དམིགས་པ།། དེ་ཚེ་ཐུགས་རྗེ་གང་དུ་བྱུང་།། ཁྱོད་ནི་སུ་ལ་ཐུགས་བརྩེ་མཛད།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་མེད་ཞིབ་སྟོང་པ
301a6 ཉིད། སེམས་ཅན་འདི་དག་མི་ཤེས་ཏེ།། དེ་དག་ཉིད་ལ་སྙིང་བརྩེ་ཕྱིར།། བསོད་ནམས་སྤྱད་པ་སྤྱོད་པ་ཡིན།། ཁྱེའུས་གསོལ་པ།། སྟོང་པ་ཞི་བར་ཐུགས་ཆུད་ནས།། ཞི་བ་སྟོང་པ་ཉིད་མཁྱེན་ཀྱང་།། དེ་བཞིན་གཤེགས་པ་ད་དུང་དུ།།
301a7 ཕྱིན་ཅི་ལོག་ཀྱང་མ་སྤངས་སམ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཞི་བ་སྟོང་པ་ཉིད་རྟོགས་ནས།། སེམས་ཅན་ཡོངས་སུ་སྨིན་བྱ་ཕྱིར།། འདྲེན་པ་ཆོས་སྟོན་མཛད་པ་འདི།། སངས་རྒྱས་རྣམས་ཀྱི་ཐུགས་རྗེ་ཡིན།།
301a8 བྱེའུས་གསོལ་པ། དེ་བཞིན་གཤེགས་པ་དདུང་དུ།། ཁྱོད་ཀྱིས་བྱིན་ཅི་ལོག་མ་སྤངས།། སེམས་ཅན་འདུ་ཤེས་མ་མཆིས་ན།། ཐུགས་རྗེ་གང་དུ་སྐྱེ་བར་འགྱུར།། དེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས
iiif viewer powered by OpenSeadragon
300b - 301b