| | e-texts navigator
|
300b1 བད་དག་ཀྱང་བྱེའུ་དེ་ལ་བུའི་དབང་པོས་པ་ལྡགས་ཤིང་འོངས་སྟེ། འདི་ལྟར་སྔོན་བྱས་པའི་དག་པའི་རྩ་བས་ཁྱེའུ་དལ་འཆེ་བ་མི་བྱེད་དོ།། ཁང་སྟོང་དང་སྐྱེ་བོ་བལ་པོ་ཆེ་དག་ཀྱང་འཇུག་ཅིང་འབྱུང་ངོ་། བཅོམ་ལྡན་འདས་ཀྱིས་སྒྲུབ
300b2 བལ་པོ་ཆེ་འཇུག་ཅིང་འབྱུང་བ་གཟིགས་ནས་མཁྱེན་བཞིན་དུ་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་གང་ཏུ་སྐྱེ་བོ་ཕལ་པོ་ཆེ་འདི་དག་འཇུག་ཅིང་འབྱུང་བའི་ཁང་སྟོང་དེན་ཅི་ཡོད་ལྟོ།། དེ་ག་ཅེས
300b3 བཀའ་སྩལ་ནས། ། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱིས་ལྟར་མཉན་ཏེ།། ཁང་སྟོང་གལ་བ་དེར་སོང་ནས་བྱིན་པ་དང་། ཁྱེའུ་གཟུགས་བཟང་བ།། མཛེས་པ། བསྟན་སྡུག་བཞིག་ལག་པ་གཡས་པའི་འཛུབ
300b4 མོཁར་བཅུག་སྟེ། འཇིབ་ཅིང་འདུག་ལ་མིག་གཉིས་མི་འཛུམས་པར་སྐྱེ་བོའི་ཚོགས་ཐམས་ཅད་ལ་ལྟ་བ་མཐོང་ངོ་།། མཐོང་ནས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་གལ་བ་དེར་སོང་སྟེ་བྱིན་ནས། བཅོམ
300b5 ལྡན་འདས་ལ་སྐབས་དེ་གསོལ་པ། ། བཅོམ་ལྡན་འདས་ཁང་སྟོང་དེ་ན་ཁྱེའུ་བོར་བ་གཟུགས་བཟང་བ། མཛེས་པ།། ལྷན་སྡུག་པ། རིན་པོ་ཆེའི་གཟུགས་ལྟར་མཆིས་པ། མིག་མི་འཛུམས་པར་སྐྱེ་བོའི་ཚོགས་ཐམས་ཅད
300b6 ལ་ལྷ་བཞིག་མཆིས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཀྱེ་མཁྱེའུ་འདི་ནི་སྔོན་གྱི་སྦྱར་བ་ཕུན་སུམ་ཚོགས་པ་སྟེ། ངའི་ལེགས་པར་བཤད་པའི་དོན་ཤེས་པར་ནུས་ཤིང་བསྐལ་པ་ཅན་ནོ་སྙམ་ནས། ཁྱེའུ་དེ་ལ་ཐུགས
300b7 བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དགེ་བ་ལ་གཟུང་བའི་གྱི་ཁང་སྟོང་ག་ལ་བ་དེར་གཤེགས་སོ།། དེ་ནས་བཅོམ་ལྡན་འདས་དེར་གཤེགས་ནས་ཕྱོགས་གཅིག་ཏུ་བཞུགས་ཏེ། ཕྱོགས་ཅིག་ཏུ་བཞུགས་ནས། ཁྱེའུ་ལ་ཚིགས།
300b8 སུ་བཅད་པ་བཀའ་སྩལ་པ། སྦྲུལ་དང་གནོད་སྦྱིན་རྩུ་བ་ཡི།། དུར་ཁྲོད་འཇིགས་པ་ཆེ་འདི་ནི།། བྱིས་པ་ཇི་ལྟར་མི་འཇིགས་ཤིང་།། ཁྱོད་དེ་གཅིག་པུ་འདི་ན་འདུག། དེ་ནས་ཁྱེའུ་དེས། སངས་རྒྱས་ཀྱི་མཐུ་དང་། རང་གི་སྔོན
iiif viewer powered by OpenSeadragon
300a - 301a