| | e-texts navigator
|
300a1 གྱུར་ཅིག། ཡིད་དང་བ་རབ་ཏུ་ཐོབ་བོ།། སྨྲ་བའི་མཆོག་དམ་པ་སངས་རྒྱས་ཀྱིས་གང་དང་གང་དུ་ཞབས་ཀྱིས་གོམ་པ་བོར་བ་དེ་དང་དེར་པད་མ་དྲི་མ་མེད་ཅིང་།། ལེགས་པར་གནས་པ་རྣམས་བྱུང་ངོ་།། དུད་འགྲོ།
300a2 སྐྱེ་གནས་སུ་སོང་བའི་སེམས་ཅན་གང་དག་གིས་མཐོང་བ་དེ་དག་ཐམས་ཅད་ཀྱང་བདེ་བ་རྙེད་ནས་མཐོ་རིས་སུ་སྐྱེ་བར་འགྱུར་རོ།། བུད་མེད་གང་དག་སྦྲུམ་པ་དེ་དག་ཀྱང་མི་བདེ་མེད་པ་ཉིད་དུ་གཟུགས་བཟང་ཞིང་བསྟ
300a3 ན་སྡུག་པ་དག་བཙས་སོ། ། སེམས་ཅན་རྣམས་ལ་ཡང་འདོད་ཆགས་དང་། ཞེ་སྡང་དང་། ཏི་མུག་རྣམས་ཀྱིས་གནོད་པར་གྱུར་པ་མེད་དོ།། རབ་ཏུ་སྡང་བའི་སེམས་མེད་པར་ཕན་ཚུན་སྨྲ་སྟེ། དཔེར་ན་པའམ་མ་ཞིག་བུ་ཅིག།
300a4 བ་ལ་སྨྲ་བ་བཞིན་ནོ།། སྲང་གི་གཡས་གཡོན་རྣམས་ཀྱང་ལེགས་པར་བརྒྱན་པར་གྱུར་ཏོ།། ནམ་མཁའ་ལགནས་པའི་ལྷའི་ཚོགས་ཐམས་ཅད་ཀྱིས་ཀྱང་མེ་ཏོག་སིལ་མ་དག་མངོན་པར་གཏོར་ཏོ།། སེམས་སྡུག་བསྔལ་བར་གྱུར།
300a5 པ་གང་ཡང་མེད་དོ།། སེམས་ཅན་གང་དག་ན་བར་གྱུར་པ་དེ་དག་ཀྱང་ནད་མེད་པར་འགྱུར་ཏེ། བདེ་བ་ཐོབ་བོ།། བདེ་བར་གཤེགས་པ་གཤེགས་པ་ན་སེམས་ཅན་སོ་སོ་ནས་དེ་བཞིན་གཤེགས་པ་ནི་བདག་ཁོ་ན་ལ་གཟིགས་སོ།།
300a6 སྙམ་དུ་སེམས་སོ།། སོ་སོ་ནས་བདག་ཉིད་བསོད་སྙོམ་འབུལ་ཞིང་མིའི་འདྲེན་པ་ལ་བརྟེན་ནས་བདག་ཁོ་ན་བསོད་སྙོམས་ཀྱི་འབྲས་བུ་ལ་སྦྱོར་རོ་སྙམ་དུ་སེམས་ཏེ། དེ་གཤེགས་པ་ཙམ་ཡང་གཞལ་བར་སྲ་བ
300a7 མ་ཡིན་ནོ། ། དེ་ནས་བཅོམ་ལྡན་འདས་གྲོང་ཁྱེར་ཆེན་པོ་མཉན་ཡོད་དུ་མཐར་ཆགས་སུ་བསོད་སྙོམས་བཞེས་ཤིང་གཤེགས་ནས། བཅོམ་ལྡན་འདས་གྲོང་པར་གྱི་དབུས་ཤིག་ཏུ་གཤེགས་པ་དང་། དེའི་ཚེ་ཁང
300a8 སྟོང་ཞིག་ཏུ་ཁྱེའུ་གཟུགས་བཟང་བ་མཛེས་པ། བལྟན་སྡུག་པཞིག་བོར་བར་གྱུར་ཏེ། ལག་པ་གཡས་པའི་འཛུབ་མོ་ཁར་བཅུག་ནས། འཇིབ་ཅིང་འདུག་པ་ལ་གྱི་འམ། ལྕེ་སྤྱང་གང་དག་ཁང་སྟོང་དེར་ལྟས།
iiif viewer powered by OpenSeadragon
299b - 300b