e-texts navigator
Collection
Volume
Page
Wylie

299a1 ནས་བཞུགས་ཏེ། རྒྱལ་པོ་དང་བློན་པོ་ཆེན་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་དང་། གྲོང་རྡལ་གྱི་མ་དང་། ནང་མ་རྣམས་ཀྱིས་སྟེ་སྟང་དུ་བྱས། བཙུན་པར་བྱས། རི་མོར་བྱས། མཆོད་པར་བྱས་ཏེ། བཅོམ་ལྡན་འདས།
299a2 ཀྱིས་བཟའ་བ་དང་། བཅའ་བ་དང་། ཀློག་པ་དང་། མང་བ་བཟང་པོ་མྱང་པོ་བརྙེས་སོ།། འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ
299a3 ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྦྱར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དེ་རིགས་ཕུན་སུམ་ཚོགས་པ། གདུང་ཕུན་སུམ་ཚོགས
299a4 པ། ཚེ་རིགས་ཕུན་སུམ་ཚོགས་པ། ཚུལ་ཁྲིམས་ཅན་སུམ་ཚོགས་པ། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ། ཤེས་རབ་ཕུན་སུམ་ཚོགས་པ། རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ། རྣམ་པར་གྲོལ་བ་ཡེ་ཤེས་གཟིགས་པ་ཕུན
299a5 སུམ་ཚོགས་པའོ་ཞེས། བཅོམ་ལྡན་འདས་ཀྱི་གྲགས་པའི་སྒྲ་དང་། སྙན་པ་འཇིག་རྟེན་དུ་རྒྱ་ཆེར་མངོན་དུ་བྱུང་བར་གྱུར་ཏོ།། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷད
299a6 མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱང་སྟོན་ཏེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཨུ0f7fམར་དགེ་གདོན་བཟང་པོ།། ཚིག་འབྲུ་བཟང་གོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུད
299a7 ཡོངས་སུ་བྱང་བ། ཡང་དག་པར་རབ་ཏུ་སྟོན་ཏོ།། སྤྱན་ལྔ་དང་ལྡན་ཏེ། ཤའི་སྤྱན་དང་། ལྷའི་སྤྱན་དང་། ཆོས་ཀྱི་སྤྱན་དང་། ཤེས་རབ་ཀྱི་སྨན་དང་། སངས་རྒྱས་ཀྱི་སྤྱན་དང་ལྡན་ནོ།། བཅོམ་ལྡན་འདས་ཀྱིས་གཞན་མུ་སྟེགས
299a8 ཅན་སྤྱོད་པ་པ་དང་། ཀུན་དུ་རྒྱུ་དང་། གཅེར་བུ་གཉེན་གྱི་བུ་པ་རྣམས་ནི་ཚར་བཅད་དོ།། བཅོམ་ལྡམ་འདས་ཀྱི་བསྟན་པ་འདི་ལྷ་དང་མི་རྣམས་ཀྱིས་ཡང་དག་པར་བཟུང་ཞིང་འབར་རོ།། དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས




iiif viewer powered by OpenSeadragon

298b - 299b

Texts on this page

Q771 - 'phags pa khye'u snang ba bsam gyis mi khyab pas bstan pa zhes bya ba'i chos kyi rnam grangs