e-texts navigator
Collection
Volume
Page
Wylie

249a1 སུ་སྐོམ་པར་འགྱུར་བས་དེ་དག་གང་ལགས་དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དུ་དཔའ་བ
249a2 སེམས་ཅན་གཉིས་པ་འདི་དག་ནི་ཆོས་ཀྱིས་ཡོངས་སུ་སྐོམ་པ་ཡིན་ཏེ། གཉིས་གང་ཞེ་ན། ཀུན་དཔའ་བ་འདི་ལྟ་སྟེ། གཅིག་ནི་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པའོ།། ཀུན་དུ་དཔའ་བ་གཉིས་པ་ནི་གང་ཆོས་ཐོས
249a3 ནས་སེམས་ཅན་ཐམས་ཅད་ལ་མཚུངས་པར་ཡང་དག་པར་རབ་ཏུ་སྟོན་པའོ། ། བྱང་ཆུབ་སེམས་དཔའ་ཀུན་དུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་ཆོས་ཐོས་ནས་སེམས་ཅན་ཐམས་ཅད་ལ་མཚུངས་པར་ཡང་དག
249a4 པར་རབ་ཏུ་སྟོན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དུ་དཔའ་བ་གཅིག་ནི་ཆོས་ཐོས་ནས་བྱང་ཆུབ་ཏུ་ཡོང་སུ་སྔོ་སྟེ། ནམ་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དེ་ན་སེམས་ཅན་ཐམས་ཅད་ཀྱི་ཕྱིར
249a5 ཆོས་ཀྱིས་ཡོངས་སུ་སྐོམ་པ་ཡིན་ནོ། ། ཀུན་དུ་དཔའ་བ་གཉིས་པ་ནི་གང་ཐེག་པ་ཆེན་པོ་ལ་འཇུག་པ་སྟེ།། རྟག་ཏུ་ཡང་ཆོས་ཀྱིས་ཡོངས་སུ་སྐོམ་པ་ཡིན་ནོ།། དེ་ནས་ལྷ་དང་ཀླུ་དང་མི་དང་ལྷའི་བུ་མོ་བྱེ་བསྟན་ལས
249a6 ལངས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ཀྱང་ཆོས་ཀྱིས་ཡོངས་སུ་སྐོམ་ཞིང་མཆིས་ན། བཅོམ་ལྡན་འདས་བདག་ཅག
249a7 རང་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམ་དཔའ་ཆེན་པོ་ཀུན་དུ་དཔའ་བསྟན
249a8 ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་གང་ལགས་རྐྱེན་གང་ལགས།




iiif viewer powered by OpenSeadragon

248b - 249b

Texts on this page

Q770 - 'phags pa zung gi mdo'i chos kyi rnams grangs