e-texts navigator
Collection
Volume
Page
Wylie

248b1 མཐོང་བ་དང་མི་འབྲལ་བར་འགྱུར་རོ། ། དེ་དག་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། དེ་དག་ཐམས་ཅད་ཀྱིས་དག་པའི་ཆོས་གང་དག་འཐོབ་པར་འགྱུར་བ
248b2 དེ་དག་ལ་བདུད་སྡིག་ཅན་གྱིས་མི་རྫི་བར་འགྱུར་རོ། ། ཀུན་དུ་དཔའ་བ་གང་དག་ཟུང་གི་མདོ་འདི་ཐོས་པ་དེ་དག་ཐམས་ཅད་སྐྱེ་བ་དང་འགག་པ་ཤེས་པར་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་དེའི་ཚེ་སྟན
248b3 ལས་ལངས་ཏེ་བླགོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ལ་ཞུས་པ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཅིག་གི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་ཅིག།
248b4 མཆིས་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་སངས་རྒྱས་གཅིག་གི་བསོད་ནམས་ཀྱི་ཕུང་པོའི་ཚད་ཉོན་ཅིག། འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོའི་ཆུའི་ཐིགས་པ་དང་། འཛམ་བུའི་གླིང་གི
248b5 རྡུལ་ཕྲ་རབ་ཇི་སྙེད་པ་དང་། གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པ་དེ་དག་ཐམས་ཅད་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔར་གྱུར་པའི་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་བས
248b6 ནི་སངས་རྒྱས་གཅིག་གི་བསོད་ནམས་ཀྱི་ཕུང་པོ་ཆེས་མང་ངོ་དོ། ། གང་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པའི་སེམས་ཅན་རྣམས་ནི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཀྱང་ཆོས་མང་དུ་སྐྱེད་པར་འགྱུར་ཏེ་དེའི
248b7 བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་ནི་བགྲང་པའི་ཚུལ་གྱིས་མཐའ་རྟོགས་པར་མི་ནུས་སོ། ། ཀུན་དུ་དཔའ་བ་དེའི་ཚེ་དེའི་དུས་ན་གང་ཚིག་འདི་ཐོས་ནས་སྤྲོ་བ་ཆེན་པོར་འགྱུར་བ་དེ་ནི་བསོད་ནས་ཀྱི་ཕུང་པོ་དཔག་ཏུ
248b8 མེད་པ་སྐྱེད་པར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་དཔའ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་གང་ཆོས་ཀྱིས་ཡོངས




iiif viewer powered by OpenSeadragon

248a - 249a

Texts on this page

Q770 - 'phags pa zung gi mdo'i chos kyi rnams grangs