| | e-texts navigator
|
245b1 ཞིང་ནུས་གྱུར་རམ། ། མ་སྤྲོ་ཞེས་ནི་བཅོམ་ལྡན་འདས་ལ་གསོལ།། མཁྱེན་བཞིན་རྒྱལ་བ་འོད་སྲུང་བཀའ་སྩལ་པ།། འོད་སྲུང་ཆོས་འདི་འཛིན་པར་བྱེད་འགྱུར་རམ།། ཡོངས་སུ་མྱ་ངན་འདས་ནས་ཆོས་ཟུང་ཤིག། མེ་སྔོ
245b2 ལགས་སོ་ཞེས་དེ་འོད་སྲུང་སོང་། ། སྟོང་གསུམ་འཇིག་རྟེན་ཁམས་འདི་སྐྱེ་བོ་དང་། རྒྱ་མཚེ་རི་དང་ནགས་ཚལ་བཅས་གཟུང་ཞིང་།། འུར་གཞན་མང་པོ་བཀུར་བར་སྤྲོ་ལགས་ཀྱི།། ཁུར་འདི་བཀུར་བང་བདག་ནི་མི་སྤྲོ་ལགས།།
245b3 སླད་མའི་དུས་ནས་སུ་ཞག་ཆོས་འཛིན་ལགས།། ང་ཉིད་དགེ་སློང་ཤིན་ཏུ་དབང་བགྱིད་དཀའ།། རྗེས་སུ་བསྟན་པ་འདི་ལ་གནས་མི་བགྱིད།། འཇིག་རྟེན་འདྲེན་པ་མྱ་ངན་འདས་ཅི་སྨོས།། འོད་སྲུང་ཁྱོད་ནི་རྒས་འཁོགས་སུ
245b4 ཏོ་ཞེས། ། སླད་དུས་བདག་གི་མིག་བཞིན་ཡང་མི་བགྱིད།། བདག་གི་རྗེས་སུ་བསྟན་ལ་གནས་མི་འགྱུར།། བདག་ཅག་འདི་ནི་མཁས་ཤིང་དོན་སེམས་སྙམ།། སྙན་དངགས་འཇིག་རྟེན་རྒྱང་པ་ན་སེམས་པ་ལགས།།
245b5 བཞིན་འཇིག་རྟེན་སྒྲ་ཡིས་གནས་པ་ལགས།། བསམ་གཏན་དེ་བཞིན་ཏིང་ངེ་འཛིན་སྤོངས་ནས།། དེ་དག་འཇིག་རྟེན་པ་ལ་སྤྱོད་པར་འགྱུར།། རྒྱས་པ་ཆེ་དང་གྲགས་པ་ཆེན་པོ་ལགས།། རྟག་ཏུ་འཇིག་རྟེན་གྱིས་ཀྱང་མཐོང
245b6 བར་འགྱུར། ། དེ་དག་བདག་གིས་ནམ་ཡང་བརྟག་མི་ནུས།། སྐྱོན་རྣམས་མང་པོ་དག་ནི་མཐོང་ལགས་སོ།། བདག་ནི་གཅིག་བུར་དགོན་པར་གནས་པ་ན།། ལྷང་ཞིག་མཆིས་ནས་བདག་ལ་འདི་སྐད་རྗོང།། ཆོས་དེ་འདྲ་བར
245b7 རྒྱལ་བ་རྣམས་ཀྱིས་བསྟན། ། འཕགས་པའི་ཆོས་ལ་སེམས་ཅན་མང་པོ་བཏུལ།། དགེ་སློང་བསམ་གཏན་ཏིང་ངེ་འཛིན་ལ་མཁས།། རྣམ་པར་རྫུ་འཕྲུལ་སྟོབས་ཀྱི་ཕ་རོལ་ཕྱིན། ཐོས་ནས་བརྒྱ་བྱིན་དགའ་བ
245b8 བ་ལགས། ། དེ་རེང་དེ་ལ་ངོ་མཚར་ཙ་མཆིས་སྨྲ།། བྱི་དུས་བདག་གི་ཐད་དུ་དེ་མཆིས་ནས། དེ་ཙེ་ཡིད་མི་བདེབས་དུ་ཞིང་སྟོན། འོད་སྲུང་དེང་ནི་བསྟན་པ་འཛག་པར་འགྱུར།། དེ་ཐོས་བདག་ར་ཡོད་མི་བདེ་བར་འཐུང་།
iiif viewer powered by OpenSeadragon
245a - 246a