e-texts navigator
Collection
Volume
Page
Wylie

245a1 མ་ཚོགས་ཆོས་སྨན་པས། ། དེ་དག་ང་ལ་སྤྱོད་ཡུལ་ཀུན་པ་ཤེས།། གང་གས་ཀུན་མཁྱེན་སྤྱོད་ཡུལ་མ་ཤེས་པ། དེ་དག་ཆོས་ཀྱི་ཚིག་ཅུང་སྟོན་པར་བྱེད། དེ་དག་གན་དམིགས་པ་གང་ཡང་མེད།། མཐོང་དང།
245a2 དག་ཡིད་ལ་གནོད་པར་འགྱུར།། གང་དག་རྒྱལ་བའི་ཆོས་ཉིད་དེ་ཤེས་པ།། དེ་དག་ཡིད་ལ་ནམ་ཡང་གནོད་པ་མེད།། འདི་ལྟར་ཆོས་མཉམ་ཉིད་ཀྱི་སྤྱོད་ཡུལ་ལ།། དེ་དག་གི་ནི་ཐམས་ཅད་རབ་ཏུ་གནས་པ་ཡིན།། གང་དག
245a3 དེ་ཡི་མདུན་ན་ཐལ་སྦྱར་ཅིང་། ། འཁོད་པའི་དགེ་སློང་བརྒྱད་འདི་མ་གཏོགས་པ།། བློ་གྲོས་བཏན་པ་ཕྱི་མའི་དུས་ན་འདིར།། མདོ་སྡེ་འདི་འཛིན་སུ་ཡང་འབྱུང་མི་འགྱུར།། བློ་གྲོས་བརྟན་པ་འདི་དག་རྟག་ཏུ་ཡང་།། འདས་པར
245a4 སངས་རྒྱས་མཚུངས་མེད་སྤྱོད་ཡུལ་ཡིན། ། དེ་དག་རྟག་པར་སྔོན་དུ་འགྲོ་བར་གྱུར།། དེ་དག་ཆོས་ཀྱི་སྣོད་དུ་གྱུར་པ་ཡིན།། དེ་ཚེ་བྱང་ཆུབ་སེམས་ནི་ཡང་དག་ལེན།། སངས་རྒྱས་རྣམས་ཀྱིས་རྟག་པར་བསྔགས་པའང་ཡིན།།
245a5 ཇི་ལྟར་དེ་གང་ཡི་མདུན་འབོད་པའི།། དེ་བཞིན་འོངས་པའི་དུས་ན་འད་ངས་ཤེས་ཏེ།། དེ་དག་གང་གཱའི་ཀླུང་གི་བྱེ་སྙེད་ཀྱི།། རྒྱལ་བ་དེ་དག་རྣམས་ཀྱི་སྤྱན་སྔར་འཁོད།། དེ་ཡི་འོག་ཏུ་ལྔ་བརྒྱ་འཁོད་པ་ཡིན།། བྱང་ཆུབ་མཆོག
245a6 ངས་ཀྱང་གཟུང་བར་བྱ། ། བྱི་དུས་རྒྱལ་བའི་ཡེ་ཤེས་དེ་དག་ཡིན།། བརྟན་པའི་བློ་གྲོས་ཁྱོད་ཀྱང་དེ་ལ་དཔའ།། གང་དག་ཆོས་ཀུན་གཟུང་ཕྱིར་ཞུགས་པ་ནི།། གཞན་ཡང་དཔའ་བོ་དུང་ཕྱུར་ཕྲག་བརྒྱད་དོ།། ངས་ཀྱང་དེར་ནི་ཆོས
245a7 མཉན་བྱ་བ་ཡིན། ། ཐོས་པར་གྱུར་ནས་ཀྱང་ནི་ཆོས་དེ་ལ།། གནས་པར་བྱ་སྟེ་སྤྱོད་པ་མཞན་པ།། དེ་ཡི་ཚེན་བསྟན་པར་བྱ་བ་ཡིན།། ཚེ་སྟོན་པས་བྱང་ཆུབ་མཆོག་ལུང་བསྟན།། རང་རང་ལུང་བསྟན་པ་ན་ཐོས་ནས
245a8 དུང་བྱུང་ཕྲག་བརྒྱད་དགའ་བས་ཁྱབ་གྱུང་ནས། ཏལ་བདུན་སྲིད་མངོན་པར་འཕགས་པར་གྱུར།། འཇིག་རྟེན་མགོན་པོས་ཀུན་དགའ་བཀའ་སྩལ་པ།། ཕྱི་མའི་དུས་ཚེ་སྡིག་པ་ཅན་དེར་ནི།། ཆོས་འདི་འཛིན་པར




iiif viewer powered by OpenSeadragon

244b - 245b

Texts on this page

Q769 - 'phags pa dge ba'i rtsa ba yongs su 'dzin pa zhes bya ba theg pa chen po'i mdo