e-texts navigator
Collection
Volume
Page
Wylie

243b1 དེ་སྙེད་པ། ། དེ་དག་རྣམས་ལ་མཆོད་པར་བྱེད།། སངས་རྒྱས་རེ་རེ་རེ་རེ་ལའང་།། མཆོད་པའི་དོན་ཕྱི་ནོར་བསགས་པ།། སྟོང་གསུམ་ལས་ནི་མི་ཉུང་བའི།། འཇིག་རྟེན་ཁམས་ན་ཡོངས་སུ་བཀར། རྗེས་སུ་དཔག་པ་དེ་ཡིས་སུ།། ཉན
243b2 ཐོས་དང་ནི་རྒྱལ་བར་བཅས། ། དེ་ལ་བསྐལ་པ་རྫོགས་ཚང་བར།། སངས་རྒྱས་ཐུན་པ་རིམ་གྲོ་བྱེད།། འཇིག་རྟེན་མགོན་པོ་གྲགས་ཆེན་པོ།། གང་དག་མ་བྱོན་སངས་རྒྱས་རྣམས། དེ་དག་ལ་ཡང་འདུ་བྱེད་འགྱུར།། དེ་འདྲ་བ་ཡི་མཆོད་པ
243b3 འ་བྱེད། ། བསོད་ནམས་ཕུང་པོ་ཇི་སྙེད་པའང་།། བློ་གྲོས་བརྟན་པདེ་འཛིན་བྱེད།། སངས་རྒྱས་ཡེ་ཤེས་བསམ་མི་ཁྱབ།། ཡེ་ཤེས་དམ་པ་ཚོལ་བར་བྱེད།། གང་དག་བྱང་ཆུབ་དོན་གཉེར་བས།། ཏིང་ངེ་འཛིན་འདི་བསྒོམ་པར་བྱ།། གང
243b4 གིས་ཏིང་འཛིན་འདི་བསྒོམས་པས། ། དེ་ནི་ཐོས་པས་འཕགས་པར་འགྱུར།། གང་གིས་ཏིང་འཛིན་འདི་བསྒོམས་དང་།། གང་དག་བསྒོམ་པར་འགྱུར་རྣམས་ཀྱི།། བསོད་ནམས་ཕུང་པོ་དེ་ལ་ནི།། ཚད་ཡོད་དོ་ཞེས་ང་མི་སྨྲ།། ཏིང་ངེ
243b5 འཛིན་འདི་བསྒོམས་པ་ཡི། ། བསོད་ནམས་འདི་ནི་རབ་ཏུ་མེད།། ཤེས་པ་དེ་ནི་རྣམ་པར་འཕེལ།། སངས་རྒྱས་མཆོད་པས་དེ་ལྟ་མིན།། མེ་ཏོག་སྤོས་དང་ཕྲེང་བ་དང་།། བཟའ་བ་དག་དང་བཏུང་བ་དང་།། ཡོ་བྱད་རྣམས་ཀྱིས་བསྙེན
243b6 བཀུང་བ། ། དེ་ནི་སངས་རྒྱས་བསྙེན་བཀུར་མིན།། རྟན་པའི་བློ་གྲོས་རང་ཡིས་སུ།། བྱང་ཆུབ་སྙིང་པོར་ཆོས་གང་ཏོགས།། ཆོས་དེར་གང་དག་སྦྱོར་བྱེད་པ།། དེ་ཡིས་སངས་རྒྱས་སྟི་སྟང་བྱས།། གང་ཡང་ཆོས་དེ་ཚོལ་བྱེད་ཅིང་།། སངས
243b7 རྒྱས་མཐོང་བར་འདོད་བྱེད་པ། ། དེ་མས་མྱུར་བར་འདི་འདྲ་ཆོས།། ཏིང་ངེ་འཛིན་འདི་ས་ཙལ་བར་བྱ།། གང་དག་ཏིང་འཛིན་དེ་ཐོས་ནས།། དགའ་བ་བཟང་པོ་སྙེད་བྱེད་པ།། སངས་རྒྱས་སྟོང་ཕྲག་མང་པོ་དག། དེ་དག་གིས་ན་སྔོན
243b8 ཚད་ཤེས། ། ཏིང་ངེ་འཛིན་གྱི་ལས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །། བརྟན་པའི་བློ་གྲོས་གཞན་ཡང་མངོན་པར་ཤེས་པ་མྱུར་བ་ཉིད་དུ་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་མཆོད་རྟེན་མཆོད་པ་དང་ཕྱིར་བཅོས




iiif viewer powered by OpenSeadragon

243a - 244a

Texts on this page

Q769 - 'phags pa dge ba'i rtsa ba yongs su 'dzin pa zhes bya ba theg pa chen po'i mdo