| | e-texts navigator
|
333a1 ཐམས་ཅད་ཀྱིས་མཛོད་ལ། དེ་བཞིན་དུ་ལྟ་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཉན་རྫས་ཀྱི་དགེ་འདུན་དང་བཅས་པ་རྣམས་ལ་ས་ཚོའི་བར་དུ་བ་པའི་ལ་བྱ་ཐམས་ཅད།
333a2 ཀྱིས་བསྙེན་བཀུར་བྱེད་ཅིང་། གང་མ་འོངས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྲན་དང་། སློབ་མར་ཁས་བླངས་ཏེ་བསྙེན་བཀུར་བྱས་སུ་ཟིན་ཀྱང་།
333a3 ཆོས་ཀྱི་རྣམ་གྲངས་འདི་མི་འཛིན་མི་འཆར་མི་ཟློག་ཀུན་ཆུབ་པར་མི་བྱེད་འཇུག་པར་མི་བྱེད་ཅིང་བསྒྲུབ་པ་འདི་ལ་ཡང་མི་གནས་ན། ཀུན་དགའ་བྱང་ཆུབ་སེམས་དཔའ་དེས་འདས་པ་དང་། མ་འོངས་པ་དང་།
333a4 ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་བྱས་པར་མི་འགྱུར་རོ།། ཀུན་དགའོ་བྱང་ཆུབ་སེམས་དཔའ་གང་ཆོས་ཀྱི་རྣམ་གྲངས་འདི་ཉན་ཅིང་ཀུན་ཆུབ་པར་བྱེད་པ་དམ་པའི་ཆོས་ཡུན་རིང་དུ་གནས།།
333a5 པར་བྱ་བ་དང་། སངས་རྒྱས་ཀྱི་རིགས་རྒྱུན་མི་འཆད་པར་བྱ་བའི་ཕྱིར་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཅིང་བསྒྲུབ་པ་འདི་ལ་ཡང་གནས་ནི། ཀུན་དགའོ་བྱང་ཆུབ་སེམས།
333a6 དཔའ་དེས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པར་བྱས་པར་འགྱུར་རོ།། གུས་དང་བཅས
333a7 པས་བསྙེན་བཀུར་བྱས་པར་ཡང་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཁྱིམ་བདག་དྲུག་ཤུལ
333a8 ཅན་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷ་དང་། མི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེམ
iiif viewer powered by OpenSeadragon
332b - 333b