| | e-texts navigator
|
332b1 དང་གཞན་ཡང་བརྩོན་འགྲུས་ལ་གཟུང་བར་འདོད་པ་དང་བདག་ཀྱང་ཡོན་ཏན་གྱི་ཆོས་མཉམ་པ་ཉིད་ཐམས་ཅད་ལ་གནས་པར་འདོད་པ་དང་། གཞན་ཡང་ཡོན་ཏན་གྱི་མཉམ་པ་ཉིད་ཐམས་ཅད་ལ་དགོད་པར་འདོད་པས་ཆོས
332b2 ཀྱི་རྣམ་གྲངས་འདི་མཉན་པར་བྱ། ཀུན་ཆུབ་པར་བྱ། ཀླག་པར་བྱ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་དུ་བསྟན་པར་བྱའོ།། ཀུན་དགའོ་ངེས་ཆོས་ཀྱི་རྣམ་གྲངས་འདི་ཡང་དང་ཡང་རྒྱ་ཆེར་ཡང་དག་པར་རབ་དུ་བསྟན་པར
332b3 བྱ་བའི་ཕྱིར་ཁྱོད་ལ་ཡོངས་སུ་གཏོད་དོ། ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་རྣམ་གྲངས་འདིའི་ནང་དུ་ཡོན་ཏན་ཐམས་ཅད་འདྲས་པར་དེ་བཞིན་གཤེགས་པས་བཤད་པར་བྱའོ།། ཀུན་དགའོ་བྱང་ཆུབ་སེམས་དཔའ་གང་ཆོས་ཀྱི་རྣམ་གྲངས་འདི
332b4 དང་མི་འབྲལ་བར་གནས་པ་དེ་སངས་རྒྱས་དང་མི་བྲལ་བར་བསྟེན་ཏོ། ། ། ཀུན་དག་འོ་བྱང་ཆུབ་སེམས་དཔའ་གང་ཆོས་ཀྱི་རྣམ་གྲངས་འདི་མཉན་ཏམ་འཛིན་ཏམ། ཀླག་པ་དང་མི་འབྲལ་བ་དེ་སངས་རྒྱས་འབྱུང་བ་དང་།། སངས་རྒྱས་ཐམས་ཅད
332b5 མཐོང་བ་དང་མི་འབྲལ་ལོ། ། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའོ་ཆོས་ཀྱི་རྣམ་གྲངས་འདིའི་ནང་དུ་ཡོན་ཏན་ཐམས་ཅད་འདུས་ཤིང་ཆོས་ཀྱི་རྣམ་གྲངས་འདིའི་ནང་དུ་བསླབ་པ་བསྒྲུབ་པའི་ལམ་གྱི་ཡོན་ཏན་ཐམས་ཅད་འདུས་པར་དེ་བཞིན་གཤེག
332b6 པས་ཡང་དག་པར་རབ་དུ་བཤད་པའི་ཕྱིརརོ། ། ཀུན་དགའོ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཡང་དག་པར་རབ་དུ་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་རབ་ཏུ་གང་བ
332b7 ཡང་འབོགས་ཏེ། ཆོས་ཀྱི་རྣམ་གྲངས་འདི་མཉན་པར་བྱ། ཀུན་ཆུབ་པར་བྱའོ།། ཀུན་དགའ་བོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་རབ་དུ་ག་ད་བ་ཙམ་ཡང་རི་མོར་བྱས་སྟེ།། སློབ་དཔོན་ལ
332b8 ཕུལ་ནས་ཆོས་ཀྱི་རྣམ་གྲངས་འདི་མཉན་པར་བྱའོ། ། ཀུན་ཆུབ་པར་བྱའོ།། ཀུན་དགའ་བྱང་ཆུབ་སེམས་དཔའ་གང་གིས་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཆོད་རྟེན་རིན་པོ་ཆེ་ལ་བ་སོ་སོར་བྱས་ཏེ། མཆོད་པ
iiif viewer powered by OpenSeadragon
332a - 333a