| | e-texts navigator
|
332a1 བྱུང་བའི་བསླབ་པ་ལ་གནས་སུ། ། དེ་བཞིན་གཤེགས་པའི་བྱང་ཆུབ་དེ་ཡང་རྒྱས་པར་བྱེད་པར་འགྱུར་རོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས།། ཁྱིམ་བདག་དྲག་ཤུལ་ཅན་ལ་འདི་སྐད་ཅེས་སྨྲ་ས།། ཁྱིམ་བདག་རྒྱུ་གང་དང
332a2 རྐྱེན་གང་གིས་གང་ཁྱིམ་ན་གནས་ཤིང་རྡུལ་ལ་གནས་པ་ལ་དགའ་བར་བྱེད། ། དྲག་ཤུལ་ཅན་གྱིས་སྨྲས་པ།། བཙུན་པ་ཀུན་དགའ་བོ་རྡུལ་ནི་རྡུལ་ཆུང་ཟད་ཀྱང་མེད་དོ་སྙིང་རྗེ་ཆེན་པོ་དང་ལྡན་པས། བདག་བདེ་བ་ལ་མི་རེ་བ་ཡིན་ནོ།། བཙུན
332a3 པ་ཀུན་དགའོ་བྱང་ཆུབ་སེམས་དཔའ་ནི་སྡུག་བསྔལ་ཐམས་ཅད་ཀྱིས་གཟིར་ཀྱང་བཟོད་དེ། སེམས་ཅན་རྣམས་ལ་ཡ་མི་གཏོ་།། དེ་སྐད་ཅེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའོ་ལ་འདི་སྐད་ཅེས་བཀའ་སྩལ
332a4 ཏོ། ། ཀུན་དགའོ་ཁྱིམ་བདག་དྲག་ཤུལ་ཅན་འདི་ཁྱིམ་གྱི་ས་ལ་གནས་ནས་བསྐལ་པ་བཟང་པོ་འདི་ལ་སེམས་ཅན་རབ་དུ་མང་བ་ཡོངས་སུ་སྨིན་པར་བྱེད་པར་འགྱུར་ཏེ།། རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔས་ནི་བསྐལ་པ་བརྒྱ་སྟོང་དུ་ཡང་དེ
332a5 ལྟར་མི་ནུས། ། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའོ་འདི་ལྟར་ཁྱིམ་བདག་འདི་ལ་ཡོད་པའི་ཡོན་ཏན་རྣམས་ནི་རབ་དུ་བྱུང་བའི་བྱང་ཆུབ་སེམས་དཔའ་སྟོང་ལ་ཡང་མེད་དོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས
332a6 གསོལ་ཏོ། ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདེའི་མིང་ཅི་ལགས། འདི་ཅི་ལྟར་གཟུང་བར་བགྱི།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའོ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་དྲག་ཤུལ་ཅན་གྱིས་ཞུས་པ་ཞེས་བྱ་བར་ཟུང་ཤིག
332a7 བྱིམ་དང་རབ་དུ་བྱུང་བའི་བསླབ་པ་ལ་སྒྲུབ་པ་ཞེས་བྱ་བར་ཡང་ཟང་ཤིག། ལྷག་པའི་བསམ་པས་བླ་མ་ལ་བསྙེན་བཀུར་བྱ་བའི་ལེའུ་ཞེས་བྱ་བར་ཡང་ཟང་ཤིག། ཀུན་དགའ་ཆོས་ཀྱི་རྣམ་གྲངས་འདི་ཐོས་མ་ཐག་དུ་བྱང་ཆུབ་སེམས
332a8 དཔའི་ཡོན་ཏན་དང་བརྩོན་འགྲུས་དང་ཆོས་ཟབ་མོ་རབ་ཏུ་ཐོབ་སྟེ། བརྩོན་འགྲུས་ཞན་པས་བསྐལ་པ་བརྒྱར་ཚངས་པར་སྤྱད་པ་ལ་གནས་པས་ནི་དེ་ལྟ་མ་ཡིན་ནོ།། ཀུན་དགའ་དེ་བས་ན་བདག་ཀྱང་འདི་ལ་བརྩོན་འགྲུས་བསྐྱེད་པར་འདོདཔ
iiif viewer powered by OpenSeadragon
331b - 332b