e-texts navigator
Collection
Volume
Page
Wylie

330b1 བརྒྱད་སྟོང་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ། ཁྱིམ་བདག་དེ་དག་ཐམས་ཅད་ལས་ཕལ་ཆེར་ནི་མི་སྐྱེ་བའི་ཚེ་ས་ལ་བཟོད་པ་རབ་ཏུ་ཐོབ་པོ།། སྲོག་ཆགས
330b2 སུམ་ཁྲི་ཉིས་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་དང་བྲལ་ཞིང་དྲི་མ་མེད་པར་རྣམ་པར་དག་གོ། དེ་ནས་ཁྱིམ་བདག་དྲག་ཤུལ་ཅན་དགའ་ལ་ཡིད་རངས་ཤིང་རབ་དུ་དགའ་ནས་མགུ་བ་དང་། ཡིད་བདེ
330b3 བསྐྱེད་ཏེ། བརྒྱ་སྟོང་རི་པའི་རས་བཅོས་བུའི་ཟུང་བཅོམ་ལྡན་འདས་ཀྱི་སྐུ་ལ་གསོལ་ནས། འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གི་དགེ་བའི་རྩ་བ་འདི་སེམས་ཅན་ཐམས་ཅད་ལ་སྤྲུལ་ཏོ།།
330b4 བདག་གི་དགེ་བའི་རྩ་བ་འདིས་བྱང་ཆུབ་སེམས་དཔའ་ཁྱིམ་པ་རྣམས་ཀྱི་བསླབ་པ་ཇི་ལྟར་བཅས་པ་དེ་ལྟར་བྱང་ཆུབ་སེམས་དཔའ་ཁྱིམ་པ་གང་ལགས་པ་དེ་དག་གི་ཆོས་ཡོངས་སུ་རྫོགས་པར་གྱུར་ཅིག
330b5 བ་ཅོམ་ལྡན་འདས་ཀྱིས་ཇི་ལྟར་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་རྣམས་ཀྱི་བསླབ་པ་བཅས་པ་ཡང་དེ་ལྟར་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་གང་དག་ལགས་པ་དེ་དག་གི་ཆོས་ཡོངས་སུ་རྫོགས
330b6 པར་གྱུར་ཅིག། བཅོམ་ལྡན་འདས་ལ་ཡང་ཞུ་བར་འཚལ་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་བ་ཆོས་དུ་ཞིག་དང་ལྡན་ན་རབ་ཏུ་བྱུང་བའི་བསླབ་པ་ལ་སློབ་པ་ལག
330b7 དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དྲག་ཤུལ་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པ་ཆོས་ལྔ་དང
330b8 ལྡན་ན་རབ་ཏུ་ཟུང་བའི་བསླབ་པ་ལ་སློབ་པ་ཡིན་ཏེ། ལྔ་གང་ཞེ་ན། ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པ་མི་ལྟ་བར་དངོས་པོ་ཡོངས་སུ་གཏོང་བ་ཡིན་ཏེ། ཐམས་ཅད




iiif viewer powered by OpenSeadragon

330a - 331a

Texts on this page

Q760,19 - 'phags pa khyim bdag drag shul can gyis zhus pa zhes bya ba theg pa chen po'i mdo