e-texts navigator
Collection
Volume
Page
Wylie

330a1 ཉིད་པས་གཉིས་སུ་དབྱེར་མེད་པ་དང་། སེམས་ལས་སུ་རུང་བ་དང་། སེམས་རྩེ་གཅིག་པ་དང་། སེམས་ངེས་པར་འབྱུང་བ་དང་། སེམས་མི་འཕྲོ་བ་དང་། སེམས་ཀུན་ཏུ་མི་རྒྱུག་པ་དང་། སེམས་མི
330a2 གནས་པ་དང་། སེམས་ངེས་པར་སེམས་པར་བྱིན་གྱིས་རློབ་པ་དང་། སེམས་ལ་དབང་སྒྱུར་པ་དང་། སེམས་འདོད་པའི་ཡོན་ཏན་རྣམས་ལ་མི་ཆགས་པ་དང་། སེམས་ཆོས་ལ་སྒྱུ་མར་སོ་སོར་རྟོག་པ་དང་།
330a3 ཇི་ལྟར་ཆོས་ཀྱི་དབྱིངས་མངོན་པར་མི་བྱེད་པ་དང་། ཇི་ལྟར་མི་སྐྱེ་མི་འབྱུང་ཞིང་། མཉམ་པ་ཉིད་པ་དེ་ལྟར་ཁྱིམ་བདག་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ཏིང་ངེ་འཛིན་ཡོངས་སུ་དག་པ་ལ་སོ་སོར་རྟོག་གོ།།
330a4 ཁྱིམ་བདག་གཞན་ཡང་རབ་ཏུ་བྱུང་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཐོས་ན་དེ་ལ་སློབ་སྟེ། ཤེས་རབ་ཡོངས་སུ་དག་པ་དེ་གང་ཞེ་ན། དེ་འདི་ལྟར་སོ་སོར་རྟོག་སྟེ། ཆོས་ཐམས་ཅད་མངོན་སུམ
330a5 དུ་ཤེས་པ་དང་། ཚིག་རབ་དུ་དབྱེ་བ་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ལ་འཇུག་པ་ཤེས་པ་དང་། སེམས་ཅན་གཞན་དག་ལ་ཆོས་གོ་བར་བྱེད་པ་ཤེས་པ་སྟེ། ཁྱིམ་བདག་དེ་ལྟར་བྱང་ཆུབ་སེམས་དཔའ
330a6 རབ་དུ་བྱུང་བ་ཤེས་རབ་ཡོངས་སུ་དག་པ་ལ་སོ་སོར་རྟོག་གོ། ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་དུ་བྱུང་བ་འདི་ལ་ཤེས་རབ་འདི་ནི་ལུས་མེད་པས་ཐོགས་པ་མེད་པའི་མཚན་ཉིད་དོ།།
330a7 རྒྱུ་བ་མེད་པས་གཟུང་བ་མེད་པའི་མཚན་ཉིད་དོ།། སྐྱེ་བ་མེད་པས་གནས་པ་མེད་པའི་མཚན་ཉིད་དོ།། ནམ་མཁའི་ངོ་བོ་ཉིད་པས་མངོན་པར་མི་བྱེད་པའི་མཚན་ཉིད་དོ།། སྙམ་དུ་རབ་ཏུ་སློབ་པོ།། ཁྱིམ
330a8 བདག་དེ་ལྟར་ན་གང་འདི་ལྟར་ཆོས་ལ་སོ་སོར་རྟོག་པ་འདི་ནི། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བའི་རབ་ཏུ་བྱུང་བའི་སྒྲུབ་པའོ།། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། སྲོག་ཆས




iiif viewer powered by OpenSeadragon

329b - 330b

Texts on this page

Q760,19 - 'phags pa khyim bdag drag shul can gyis zhus pa zhes bya ba theg pa chen po'i mdo