e-texts navigator
Collection
Volume
Page
Wylie

327b1 བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་འདི་ལ་ལུས་ཇི་ལྟ་བ་དགོན་པ་ཡང་དེ་བཞིན་ནོ། ། ལུས་ཇི་ལྟ་བ་བྱང་ཆུབ་ཀྱང་དེ་བཞིན་ནོ་སྙམ་དུ་སློབ་ཅིང་དེ་བཞིན་ཉིད་ཀྱིས་མི་རྟོག་རྣམ་པར་མི་རྟོག་སྟེ། དེ་ལྟར
327b2 དགོན་པ་ལ་གནས་པ་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། ། ཁྱིམ་བདག་དེ་ལྟར་ན་བྱང་ཆུབ་སེམས་དཔའ་རབ་དུ་བྱུང་བ་དགོན་པ་ལ་གནས་པ། ཚོགས་ཅུང་ངུས་པ་རོལ
327b3 བྱིན་དྲུ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། ། ཁྱིམ་བདག་བྱང་ཆུབ་སེམས་དཔའ་རབ་དུ་བྱུད་བ་ཆོས་བཞི་དང་ལྡན་ན་དགོན་པ་ལ་གནས་པར་གནང་བ་ཡིན་ན།། བཞི་གང་ཞེ་ན། ཁྱིམ་བདག་འདི་ལ་བྱ
327b4 ཆུབ་སེམས་དཔའ་རབ་དུ་བྱུང་བ་མང་དུ་ཐོས་པ་ཡིན་ཏེ། ཐོས་པ་འཛིན་པ་ཆོས་རྣམ་པར་ངེས་པ་ལ་མཁས་པ་ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྩོན་ཞིང་ཆོས་དང་ཆོས་ཀྱི་རྗེས་སུ་འཐུན་པ་སྒྲུབ་པ་དེས་དགོན་པ་ལ
327b5 གནས་པར་བྱའོ། ། ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ཉོན་མོངས་པའི་ཤས་ཆེན་དེས་ཉོན་མོངས་པ་རྣམས་ཞི་བར་བྱ་བའི་ཕྱིར་འགྲོགས་པ་མེད་པར་དགོན་པ་ལ་གནས་པར་བྱ་སྟེ།
327b6 དེས་ཉོན་མོངས་པ་ཚར་གཅད་པར་བྱའོ།། ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་དུ་བྱུང་བ་ནི་མངོན་པར་ཤེས་པ་ལྔ་པོ་དག་ཐོབ་པ་ཡིན་ཏེ།། དེས་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་རྣམས་ཡོངས
327b7 སུ་སྨིན་པར་བྱ་བའི་ཕྱིར། དགོན་པ་ལ་གནས་པར་བྱའོ།། ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས། སངས་རྒྱས་ཀྱིས་དགོན་པ་ལ་གནས་པར་བཀའ་སྩལ་པར་ཤེས་ནས་དགོན
327b8 པ་ལ་གནས་པར་བྱ་སྟེ། ། དེར་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ།། དགེ་བའི་རྩ་བས་ཉེ་བར་བརྟེན་ནས། ཕྱིས་གྲོང་དང་གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར




iiif viewer powered by OpenSeadragon

327a - 328a

Texts on this page

Q760,19 - 'phags pa khyim bdag drag shul can gyis zhus pa zhes bya ba theg pa chen po'i mdo