e-texts navigator
Collection
Volume
Page
Wylie

326a1 སྤྱན་དང་རྩིག་པ་དང་། ཤིང་དང་མི་གཡོང་ལྟ་བུ་དང་། སྒྱུམ་དང་མཚུངས་པའི་འདུ་ཤེས་བསྐྱེད་པར་བྷ་སྟེ། འདི་ལ་སུ་ཞིག་འཞེས་པར་འགྱུར།། འདི་ལ་སུ་ཞིག་སྐྲག་པར་འགྱུར་སྙམ་པའི་སེམས
326a2 བསྐྱེད་པར་བྱའོ། ། དེ་འཇིགས་ཤིང་ཀླག་བསྟན། འདི་ག་ལུས་འདི་ལ་། བདགགས། སེམས་པནོན་པ། རྫོགགས། བྱེ་བ་ཟོ་མ། གས་པའམ། སྐྱེས་བུའམ། གང་ཟག་གས་གང་ལས་རྣམསས
326a3 ཤེད་བུ་མེད་དེ། འདི་ལྟར་འཇིགས་པ་ཞེས་བྱ་བ་འདི་ནི་ཡང་དག་པ་མ་ཡིན་པ་ཀུན་བརྟགས་པ་ཡིན་གྱིས། བདག་གིས་ནི་ཡང་དག་པ་མ་ཡིན་པ་ཀུན་བརྟགས་པ་དེ་ལ་བརྟགས་པར་མི་བྱའོ་སྙམ་དུ་ལུས་ལ་ཚུལ་བཞིན་བརྟན
326a4 པར་བྱའོ། ། དེས་ཇི་ལྟར་དགོན་པ་ལ་རྩ་དང་ཤིང་འགེལ་བ་དང་། སྨན་དང་ནགས་ཚལ་གནས་པ་རྣམས་དཡི་བ་མེད་པ་ཡོངས་སུ་འཛིན་པ་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ད་ཡི་བ་མེད་པ་ཡོངས་སུ་འཛིན་པ་མེད།
326a5 པས། ཆོས་ཐམས་ཅད་དགོན་པ་ཉིད་དོ་སྙམ་དུ་ཤེས་ནས། ཉེ་བར་བསྒྲུབས་སྟེ། གནས་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དགོན་པ་ལ་གནས་པ་ནི་ཉོན་མོངས་པ་གཅོད་པ་སྟེ། ད་ཡི་བ་མེད་པ་ཡོངས་སུ་འཛིན་པ་མེད་པའོ།། །
326a6 ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་དགོན་པ་ལ་གནས་པས། འདི་ལ་དགོན་པ་ལ་གནས་པ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་འཐུན་པའོ།། དགོན་པ་ལ་གནས་པ་ནི་ཏིང་ངེ་འཛིན་གྱི་ཕུང་པོ་ལ
326a7 གཞོལ་བའོ། ། དགོན་པ་ལ་གནས་པ་ནི་ཤེས་རབ་ཀྱི་ཕུང་པོ་ཚོགས་པའོ།། དགོན་པ་ལ་གནས་པ་ནི་རྣམ་པར་གྲོལ་བའི་ཕུང་པོ་འགྲུབ་པའོ།། དགོན་པ་ལ་གནས་པ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང
326a8 པོ་སྐྱེ་བའོ། ། དགོན་པ་ལ་གནས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་རབ་ཏུ་སྟེན་པའོ།། དགོན་པ་ལ་གནས་པ་ནི་སྦྱངས་པའི་ཡོན་ཏན་བཅུ་གཉིས་པོ་དག་སྡུད་པའོ།། དགོན་པ་ལ་གནས་པ་ནི་བདེན་པ་རྣམས




iiif viewer powered by OpenSeadragon

325b - 326b

Texts on this page

Q760,19 - 'phags pa khyim bdag drag shul can gyis zhus pa zhes bya ba theg pa chen po'i mdo