e-texts navigator
Collection
Volume
Page
Wylie

325b1 གཞན་དུ་འདུ་ཤེས་པ་ལ་ཡང་མེད་དོ།། དར་འཛིན་པ་དང་ང་ཡིར་འཛིན་པ་ལ་མངོན་པར་ཞེན་པ་ལ་ནི་དགོན་པ་ལ་གནས་པ་མད་དོ།། དམིགས་པར་ལྟ་བ་ལ་ནི་དགོན་པ་ལགན་པ་མདོ།། བྱིན་ཅི་ལོག་ཏུ་ལྟ་བ་ལ་ནི་དགོན་པ་ལ་གནས་པ་མེད་དོ།།
325b2 ཁྱིམ་བདག་མྱ་ངན་ལས་འདས་པར་འདུ་ཤེས་པ་ལ་ཡང་དགོན་པ་ལ་གནས་པ་མེད་ན། ཉོན་མོངས་པ་ཐམས་ཅད་ཀྱི་འདུ་ཤེས་ཅན་ལྟ་ཅི་སྨོས། ཁྱིམ་བདག་དགོན་པ་ལ་གནས་པ་ཞེས་བྱ་བ་ནི། ཆོས་ཐམས་ཅད་ལ་མི་སྟེན་པར་གནས་པའོ།།
325b3 ཆོས་ཐམས་ཅད་ལ་མི་འཛིན་པར་གནས་པགོ་མཚནམ་པ་མ་ཅད་ལ་མི་ཆག་པར་གནས་པའོ།། ཟུགས་ཐམས་ཅད་ལ་མི་སྟེན་པར་གནས་པའོ།། དང་དྲི་དང་དང་ག་བྱ་ཐམས་ཅད་ལ་མི་རྟེན་པར་གནས་པའོ།། ཆོས་ཐམས་ཅད་མ
325b4 པ་ཉིད་དང་མི་འགལ་བར་གནས་པའོ། ། སེམས་ཤིན་ཏུ་ཞིབས་ཤིན་ཏུ་སྦྱངས་པར་གནས་པའོ།། འཇིགས་པ་ཐམས་ཅད་སྤངས་པས་མི་འཇིགས་པར་གནས་པའོ།། ཉོན་མོངས་པ་ཐམས་ཅད་ལས་རྣམ་པར་གྲོལ་བས་ཆུ་བོ་ལས་རྒལ
325b5 བར་གནས་པའོ། ། ངན་དོན་གྱིས་ཆོག་ཤེས་པར་འཛིན་ཅིང་འདོད་པ་ཆུང་བས་འཕགས་པའི་རིགས་རྣམས་ལ་རབ་ཏུ་དགའ་བར་གནས་པའོ།། གང་སྲ་ཞིང་གསོ་སླ་བས་ཆོག་པར་འཛིན་པར་གནས་པའོ།། ཤེས་རབ་ཀྱི་ཕྱིང་ཚུལ
325b6 བཞིན་སྦྱོར་བས་ཐོས་པ་ལ་གནས་པའོ། ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་སོ་སོར་རྟོག་པས་ཐར་བར་གནས་པའོ།། བཅིངས་པ་བཅད་པས་རྣམ་པར་གྲོལ་བར་གནས་པའོ།།
325b7 རྟེན་ཅིར་འབྲེལ་བར་འབྱུང་བ་དང་། འཐུན་པས་མདྲལ་བ་རྣམས་ཉེ་བར་ཞི་བར་གནས་པའོ།། ཤིན་ཏུ་རྣམ་པར་དག་པས་བྱ་བ་བྱས་པར་གནས་པའོ།། ཁྱིམ་བདག་འདི་ལྟ་སྟེ་དཔེར་ན། དགོན་པ་ལ
325b8 དང་ཤིང་འགེལ་བ་དང་། ནགས་ཚལ་གནས་ཀྱང་འཇིགས་པ་མེད་ཅིང་མི་སྐྲག། སྐྲག་པར་མི་འགྱུར་རོ།། ཁྱིམ་བདག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་དགོན་པ་ལ་གནས་པས་ཀྱང་། ལུས་ལ་རྠ་དང་ཤིང་གེལ་བ་དང




iiif viewer powered by OpenSeadragon

325a - 326a

Texts on this page

Q760,19 - 'phags pa khyim bdag drag shul can gyis zhus pa zhes bya ba theg pa chen po'i mdo