| | e-texts navigator
|
98b1 རློབ་བོ། ། དེས་བྱིན་གྱིས་བརླབས་པས་བདུད་ཀྱི་གླགས་མི་རྙེད་ཅིང་དེ་ལ་བར་ཆད་བྱ་བའི་ཕྱིར་ཉེ་བར་གནས་པར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་ལ་བདག་གིས་གླན་ཀ་བཙལ་བ་འམ། ཐོ་བརྩམ་པར་བྱའོ་སྙམ་དུ་ཡང་སེམས་མི་སྐྱེད་དོ།། །
98b2 གལ་ཏེ་དེ་དག་གིས་བར་ཆད་བྱ་བའི་ཕྱིར་སེམས་བསྐྱེད་ན་དེའི་ཕྱིར་བདག་ལ་སྡུག་བསྔལ་ཆེན་པོ་འབྱུང་བར་ཡང་དག་པར་ཤེས་ན། དེ་དག་ལ་འཇིགས་པ་ཆེན་པོ་ཉེ་བར་གནས་པར་འགྱུར་པས་བདག་མེད་པར་མི་འགྱུར་གྲང་སྙམ་སྟེ། སྐྱོ་བར་གྱུར
98b3 ནས་ཐོབ་རྣམ་པའི་སེམས་གློན་པར་འགྱུར་ཞིང་། དེ་དག་གི་སེམས་སྐྱེད་པ་དེ་དག་ཀྱང་ནུབ་པར་འགྱུར་རོ།། རབ་ཀྱི་རྩལ་གྱིས་རྔརྫ་པར་གནོན་པ་རྣམས་གྲངས་འདིས་བྱང་ཆུབ་སེམས་དཔའ་ལ་བདུད་སྡིག་ཅན་རྣམས་ཀྱི་བར་ཆད་བྱ་བའི་ཕྱིར་ཉེ་བར
98b4 གནས་ཤིང་བར་ཆད་བྱ་བའི་སྐབས་མི་རྙེད་དོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པ་ན་བྱང་ཆུབ་སེམས་དཔས་འདུན་པ་དང་། ལྷག་པའི་བསམ་པ་དང་། གུས་པ་དང་། རིན་གྲོ་བྷ་བ་དང་། སྟོན་པར
98b5 འདུ་ཤེས་སྐྱེད་པར་འགྱུར། ཕ་རོལ་དུ་ཕྱིན་པ་དྲུག་དང་ལྡན་པའི་གཏམ་བརྗོད་པ་ན། དོགས་པ་དང་། ཐེ་ཙོམ་དང་། ཡིད་གཉིས་སྐྱེད་པར་མི་འགྱུར། ཆོས་ཟབ་མོ་ཐོས་ན་མགོ་རྨོངས་པ་འམ། དོགས་པ་འམ། ཐེ་ཙོམ་སྐྱེད་པར་མི་འགྱུར། དེ
98b6 ནམ་དུ་ཡང་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལ་སོགས་པར་མི་འགྱུར། དེ་ནམ་དུ་ཡང་ཆོས་ཀྱིས་འཕོངས་པར་འགྱུར་བའི་སེམས་སྐྱེད་པར་མི་འགྱུར་ཏེ། སེམས་ཅན་གཞན་མང་པོ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར
98b7 འཛིན་དུ་བཅུག་པར་འགྱུར། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་ཡང་དག་པར་དགའ་བ་དང་། ཡང་དག་པར་གཟེང་བསྐྱོད་པ་བྱས་པར་འགྱུར་རོ།། དེ་སྔོན་གྱི་བསམ་པ་རྣམ་པར་དག་པ་དང་། སྔོན་གྱི་བསམ་པ་ཀུན་ནས་ཉོན་མོངས་པ
98b8 མེད་པས་བདུད་སྡིག་ཅན་རྣམས་བར་ཆད་བྱ་བའི་ཕྱིར་ཉེ་བར་གནས་པར་མི་འགྱུར། བདུད་སྡིག་ཅན་རྣམས་ཀྱིས་དེ་ལ་གླགས་རྙེད་པར་མི་འགྱུར། བདུད་ཀྱི་ལས་འབྱུང་ཞིང་སྐྱེས་པ་ཐམས་ཅད་ཁོང་དུ་ཆུད་པར་འགྱུར་བདུད་ཀྱི
iiif viewer powered by OpenSeadragon
98a - 99a