| | e-texts navigator
|
97b1 མཐའ་དང་མཐའ་མེད་པ་ལ་གནས་པར་མི་འགྱུར། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་གནས་པར་མི་འགྱུར། སྦྱིན་པ་དང་། སེར་སྣ་ལ་གནས་པར་མི་འགྱུར། ཚུལ་ཁྲིམས་དང་། འཆལ་བའི་ཚུལ་ཁྲིམས་ལ་གནས་པར་མི་འགྱུར
97b2 བཟོད་པ་དང་། གནོད་སེམས་ལ་གནས་པར་མི་འགྱུར། བཙོན་འགྲུས་དང་། ལེ་ལོ་ལ་གནས་པར་མི་འགྱུར། བསམ་གཏན་དང་། རྣམ་པར་གཡེ་བ་ལ་གནས་པར་མི་འགྱུར། ཤེས་རབ་དང་། འཆལ་བའི་ཤེས་རབ་ལ་གནས་པར
97b3 མི་འགྱུར། ཕྱིན་ཅི་ལོག་པ་དང་། ཡང་དག་པར་སྤོང་བ་དང་། ཚད་མེད་པ་དང་དྲན་པ་ཉེ་བར་བཞག་པ་ལ་གནས་པར་མི་འགྱུར། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་གནས་པར
97b4 མི་འགྱུར། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ལ་གནས་པར་མི་འགྱུར། མི་སྐྱེ་བ་དང་། ཟད་པ་ཤེས་པ་དང་། མངོན་པར་འདུ་མི་བྱེད་པ་ཤེས་པ་ལ་གནས་པར་མི་འགྱུར། རིག་པ་དང་། རྣམ་པར་གྲོལ་བ་ལ་གནས
97b5 པར་མི་འགྱུར། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་གནས་པར་མི་འགྱུར། སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱིས་ལ་གནས་པར་མི་འགྱུར། ཁྲོ་སོ་སྐྱེ་བོ་ཆོས་དང་། ཉན་ཐོས་ཀྱི་ཆོས་དང་རང
97b6 སངས་རྒྱས་ཀྱི་ཆོས་དང་། སངས་རྒྱས་ཀྱི་ཆོས་ལ་གནས་པར་མི་འགྱུར། མྱ་ངན་ལས་འདས་པ་ལ་གནས་པར་མི་འགྱུར། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་ཐོགས་པ་མེད་པ་ལ་གནས་པར་མི་འགྱུར། དུས་སུམ་མཉམ་པ
97b7 ཉིད་ལ་གནས་པར་མི་འགྱུར། སངས་རྒྱས་ཀྱི་ཡེ་ཤེས་དང་། སྟོབས་དང་། མི་འཇིགས་པ་ལ་གནས་པར་མི་འགྱུར། ཐམས་ཅད་ཁྱེན་པའི་ཡེ་ཤེས་ལ་གནས་པར་མི་འགྱུར། མཚན་ཕུན་སུམ་ཚོགས་པ་ལ་གནས་པར་མི་འགྱུར། སངས
97b8 རྒྱས་ཀྱི་ཞིང་ཕུན་སུམ་ཚོགས་པ་ལ་གནས་པར་མི་འགྱུར། ཉན་ཐོས་ཕུན་སུམ་ཚོགས་པ་ལ་གནས་པར་མི་འགྱུར། བྱང་ཆུབ་སེམས་དཔའ་དཀོད་པ་ཕུན་སུམ་ཚོགས་པ་ལ་གནས་པར་མི་འགྱུར། ཆོས་ཐམས་ཅད་ལ་གནས་པར
97b9 མི་འགྱུར་ཏེ། མི་གཡོ་ཀུན་ཏུ་མི་གཡོའོ།། དེས་གནས་ཐམས་ཅད་རྣམ་པར་རྩལ་བས་མིགནས་ཏེ་ལམ་ལ་ཡང་མངོན་པར་མི་ཞེ་ན། གནས་པ་མེད་པ་ལ་ཡང་རློམ་སེམས་སུ་མི་ཤེས་སོ།། དེ་འདི་ནི་གནས་སོ་ཞེས་མི་དམིགས། འདི་ནི་གནས།
iiif viewer powered by OpenSeadragon
97a - 98a