e-texts navigator
Collection
Volume
Page
Wylie

69a1 གང་དག་ལུང་བསྟན་པ་དེ་དག་ཀྱང་མྱུརཿབླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། སྨོན་ལམ་གྱི་དབང་གིས་ནི་མ་གཏོགས་སོ།། གང་དག་ལུང་མ་བསྟན་པ
69a2 དེདག་ཀྱང་མྱུར་ཏུ་མངོན་སུམ་དུ་ལུང་བསྟན་པ་ཐོབ་པར་འགྱུར་རོ། ། ཤཱ་རིའི་བུ་སེམས་ཅན་གང་དག་དགེ་བའི་རྩ་བ་ཡོངས་སུམ་སྨིན་པའི་རྣ་ལམ་དུ་མདོ་སྡེ་འདི་ཐོས་པར་གྱུར་པ་དེ་དག་ཀྱང་ལུང་བསྟན་པ་ཉིད་དུ་རིག་པར་བྱ་ན། གང
69a3 མ་སྡེ་འདྲི་རྙེད་པ་དང་། ཡི་གེར་འབྲི་བ་དང་། འཆང་བ་དང་། ཀློག་པ་དང་། ལུང་གནོད་པ་དང་།། ཁ་ཏོན་བྱེད་པ་དང་། གཞན་དག་ལ་རྒྱ་ཆེར་རབ་ཏུ་སྟོན་པ་ལ་ཅི་སྔོས་པཱ་རིའི་བུ་སེམས་ཅན་གང་དག་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པ་དེ་དག
69a4 གིས་མདོ་སྡེ་འདི་མཉན་པ་དང་། ཡི་གེ་འབྲི་བ་དང་། ཀློག་པ་དང་།། ཁ་ཏོན་བྱེད་པ་དེ་ནི་གནས་མེད་དེ། ཤཱ་རིའི་བྲི་ཆོས་ཀྱི་རྣམ་གྲངས་འདི་ནི་སེམས་ཅན་གང་དག་དག་པའི་རྩ་བ་འབར་བ་རྣམས་ཀྱི་ལག་དུ་འགྲོ་བར་འགྱུར་རོ།། ཤཱ་རིའི་བུ
69a5 ཁྱོད་མོས་པར་བྱའོ། ། ཁྱོད་ཀྱི་ཁོང་དུ་ཆུང་བར་བྱའོ།། བྱང་ཆུབ་སེམས་དཔའི་ཐེག་པ་ཅན་རྣམས་དང་ཉན་ཐོས་ཀྱི་ཐེག་པ་ཅན་གྱི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེས་ཆོས་འདི་རྙེད་ན། སྤྲོ་བ་ཆུང་བ་དང་། ལེ་ལོ་དང་། གཉིད་ཆེ་པ་དང་།
69a6 ཤེས་བཞིན་མེད་པ་དང་། དྲན་པ་ཉེ་བར་མི་འཇོག་པ་དང་། སེམས་གཡེང་བ་དང་། ཟང་ཟིང་ལ་ཆགས་པ་དང་། བསམ་པ་དང་། མུ་ཚོར་སྨྲ་བ་དང་། སྨྱོན་ཐབས་དང་། ཁ་བར་དང་། དབང་པོ་ཕལ་བར་མི་བྱའོ།། ཤཱ་རིའི་བུ
69a7 དགེ་བའི་རྩ་བ་བྱས་པ་དག་ཀྱང་མི་སྨྲའོ། ། བྱང་ཆུབ་སེམས་དཔའ་ཆོས་འདི་རྙེད་ནས་བག་ཡོད་པ་དང་། བརྩོན་འགྲུས་དང་། སྤྲོ་བ་དང་། མོས་པ་དང་། ལེ་ལོ་མེད་པ་དང་། དབང་པོ་སྡམས་པ་དང་།
69a8 མུ་ཚོར་མི་སྨྲ་བ་དང་། རབ་ཏུ་བསྟེན་པར་བྱའོ།། དྲན་པ་ཉེ་བར་བཞག་པ་དང་། མང་དུ་ཐོས་པ་ལ་སྦྱོར་བར་བྱའོ།། བརྩོན་འགྲུས་བརྩམས་པ་འདི་ལྟ་བུའི་ཡོན་ཏན་འདི་དག་ཡོངས་སུ་བསྐང་བའི་ཕྱིར་འབད་པར་བྱའོ།།




iiif viewer powered by OpenSeadragon

68b - 69b

Texts on this page

Q736 - 'phags pa rab kyi rtsal gyis rnam par gnon pas zhus pa shes rab kyi pha rol tu phyin pa bstan pa