| | e-texts navigator
|
30b1 བྱ་བ་མ་ཡིན་པ་སྟེ། རབ་ཀྱི་རྒྱལ་གྱིས་རྣམ་པར་གནོན་པ་མྱ་ངན་ལས་འདས་པའི་དབྱེད་བསྟན་པ་འདི་ཡང་ཇི་སྐད་སྙན་པ་བཞིན་དུ་ནི་མ་ཡིན་ནོ།། བསྟན་པ་ཐམས་ཅད་ལས་ཡང་དག་པར་འདས་པས་མྱ་ངན་ལས
30b2 འདས་པའི་དབྱིངས་ནི་སྟན་དུ་མེད་དེ། བསྟན་པ་ཐམས་ཅད་རབ་ཏུ་ཆད་པ་དེ་ནི་མྱ་ངན་ལས་འདས་པའི་དབྱིངས་ཤེས་བྱའོ།། མྱ་ངན་ལས་འདས་པའི་དབྱིངས་ཤེས་བྱ་བ་གང་ཡིན་པ་དེ་ནི་འཇིག་རྟེན་ལས་འདས་པའི་ཤེས
30b3 རབ་ངེས་པར་རྟོགས་པ་བསྟན་པ་ལ་བྱའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་མྱ་ངན་ལས་འདས་པའི་དབྱིངས་དེ་ནི་ཡུལ་ན་མི་གནས། ཕྱོགས་ན་མི་གནས་པ་ཞེས་བསྟན་ཏོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་ལ
30b4 ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཚུ་རོལ་འམ་ཕ་རོལ་གང་ཡང་མེད་དོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ
30b5 ཕྱིན་པ་ལ་ཚུ་རོལ་འམ། ཕ་རོལ་དམིགས་ན་ནི་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུ་རོལ་འམ་ཕ་རོལ་བཤད་པ་ཞིག་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུ་རོལ
30b6 མི་དམྱིགས་པས་དེའི་ཕྱིར་དེའི་ཕ་རོལ་ཀྱང་མེད་མོད་ཀྱི་འོན་ཀྱང་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དེ་ནི་ཆོས་ཐམས་ཅད་ཀྱི་ཕ་རོལ་ལོ། ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན
30b7 པ་ཞེས་བྱ་སྟེ། ཇི་སྐད་དུ་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ།། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚིག་དང་ལས་ཀྱིས་ཉེ་བར་གནས་པ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསྟན་དུ།
30b8 མེད་པའོ།། ཆོས་ཐམས་ཅད་དེ་ལྟར་ཁོང་དུ་ཆུད་ན་དེ་ནི་ཇི་ལྟ་བ་བཞིན་དུ་རབ་ཏུ་ཆུད་དེ་མི་འགལ་ལོ།། དེ་ཅིའི་ཕྱིར་ཞེ་ན། དེ་ལ་ཁོང་དུ་ཆུད་པ་ཅི་ཡང་མེད་ཅིང་རབ་ཏུ་རྟོགས་པ་ཡང་མེད་པའི་ཕྱིར་རོ།། ཁོང་དུ་ཆུད་པ་དང་རབ
iiif viewer powered by OpenSeadragon
30a - 31a